ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།

རྒོད་རྒྱལ་བློ་ཕུན།    མཚོ་སྔོན་པོ་དྲ་བ།    2015-11-30

  2015ལོའི་ཟླ11ཚེས27ཉིན་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཁང་གིས་སྣེ་ཁྲིད་དང《ལྷོ་ཁའི་རྩོམ་རིག་སྒྱུལ་རྩལ》རྩོམ་སྒྲིག་ཁང་གིས་རྒྱབ་སྐྱོར་འོག་ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་དང་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་ཞེས་པ་ཁག་སོ་སོར་བོད་མིའི་རིག་འབྱུང་གི་ས་སྐྱིད་གནས་སྐྱིད་རྩེད་ཐང་གྲོང་གི་ལྷོ་ཁའི་རིག་གནས་ཅུད་དང་ཨེ་པ་ཚང་དཔེ་ཁྱིམ་དུ་བསྐོང་། 
ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
      ད་ཐེངས་ཀྱི་འགྲེམས་སྤེལ་མཛད་སྒོར་ལྷོ་ཁ་ས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ལོ་གཅིག་ལྷག་ཙམ་རིང་ཕྱོགས་བསྒྲིགས་བགྱིས་པའི་རྒྱ་བོད་ཡིག་རིགས་གཉིས་ཀྱི་དེང་རབས་དཔེ་ཚོགས་ཐོག་མ་འགྲེམས་སྤེལ་གནང་བ་རེད།  འགྲེམས་སྤེལ་ལས་དོན་ཐད་ལ་ལྷོ་ཁ་ས་ཨུད་དྲིལ་བསྒྲགས་པུའུ་དང་སྲིད་འཛིན་ཀུང་ཧྲུའུ། རིག་གནས་ཅུད། རིག་རྩལ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྒྱབ་སྐྱོར་ཚད་མེད་ཐོབ་ཡོད།   དཔེ་ཚོགས་ཕྱོགས་བསྒྲིགས་དབུ་འཛིན་ནི་ལྷོ་ཁའི་སྙན་ངག་པ་གྲགས་ཅན་ཨོ་རྒྱན་རྡོ་རྗེ་དང་ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་ལས་མི་ཡོངས་རེད། 
ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
      བོད་ཡིག་དཔེ་ཚོགས་གྲས་སུ《ཡར་ཀླུང་གི་རླུང་བུ》དང《ཕ་ཡུལ་གྱི་གླུ་སྒྲ》《མཁའ་མཐའི་ཆུ་འཛིན》སོགས་ལྷུག་རྩོམ་དང་བརྩམས་སྒྲུང་།  སྙན་ངག་སོགས་རྩོམ་ལུས་འདུས་ཡོད།  དཔེ་ཚོགས་ནང་ཕ་ཡུལ་ལྷོ་ཁའི་རྩོམ་པ་པོ་རྒན་དར་གཞོན་གསུམ་གྱི་ཉེ་བའི་ལོ་ཤས་ནང་བརྩམས་པའི་རྩོམ་ལུས་མི་གཅིག་པའི་བརྩམས་བྱ་སྤུས་དག་མང་པོ་འདུས་ཡོད།
ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས།
       ཉིན་དེའི་ཕྱི་དྲོ་ལྷོ་ཁའི་ཨེ་པ་ཚང་དཔེ་ཁྱིམ་དུ་སྐབས་དྲུག་པའི་ཡར་ཀླུང་སྨྱུག་ཚོགས་དངོས་སུ་དབུ་ཚུགས་པ་རེད།  དབུ་ཚུགས་བྱེད་སྒོར་རྩོམ་པ་པོ་གྲགས་ཅན་མཁས་གྲུབ་དང་།  སྙན་ངག་པ་གྲགས་ཅན་ཨོ་རྒྱན་རྡོ་རྗེ།   བྱམས་པ་བསྟན་འཛིན།  ཤེའུ་ཀུན་དཔལ།  གཉལ་ཟླ་དགྲ།   སྟོབས་རྒྱལ།  གཉལ་གཞུང་བཀྲ་རྣམ།  པ་སངས།  ཀརྨ་དབང་གྲགས།  སྙན་པོ་དབྱངས་གྲོལ།  གསེར་ནག  རལ་གྲི་སྒང་སྤེལ་རྒྱལ་དང་བརྩམས་སྒྲུང་བ་ཨེ་ཉི་མ་ཚེ་རིང་།   རྒྱང་སྒྲོག་པ་བློ་བཟང་དོན་ཡོད་དང་རྩོམ་སྒྲིག་པ་པད་གཡང་།   སྦྱིན་བདག་ཞོལ་གསར་བཀྲ་སྟོབས་སོགས་ལས་རིགས་ཁག་གི་ལྷོ་ཁ་བ་མང་དུ་འདུས་འདུག
      མཛད་སྒོ་དང་བགྲོ་གླེང་གི་ཐོག་མཐའ་བར་གསུམ་དུ་རྒན་རབས་པ་དག་གིས་གཞོན་སྐྱེས་རྣམ་ལ་རྩོམ་རིག་ཐད་ཀྱི་བཀའ་སློབ་མང་དུ་གནང་ཞིང་གསར་རྩོམ་སྐོར་ལ་རང་རང་གི་ཉམས་མྱོངས་དང་སྦྲགས་ནས་བསམ་ཚུལ་བརྗེ་རེས་མང་པོ་བྱས། ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མ་འགྲེམས་སྤེལ་བྱས་པ་འདིས་ལྷོ་ཁའི་སྔར་འདས་ཕྱི་གསུམ་གྱི་རྩོམ་རིག་ལས་དོན་ལ་སྐྱེས་སུ་ཕུལ་བའི་ལེགས་སྐྱེས་བླ་ན་མེད་པ་ཞིག་ཡིན་ན།  ལྷག་པར་དུ་ཕྱི་རབས་པས་མི་རིགས་རང་གི་སྐད་དང་ཡི་གེར་གཞི་བཅོལ་བའི་རྩོམ་ལུས་འདྲ་མིན་གྱི་རྩོམ་ཡིག་དག《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》སྟེགས་བུ་བརྒྱུད་དེ་ཀློག་མཁན་མང་བོར་དབུལ་དགོས་པ་འགངས་ཆེ་བར་མཐོང་ལ།   ཡང་སྒོས་མདོ་དབུས་མཐོ་སྒང་རིགས་གཅིག་ཀུན་གྱིས་རྩོམ་རིག་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་དགོས་པ་ཁ་ཚ་དགོས་གཏུགས་རེད་སྙམ་མོ། །
  • ལེ་ཚན་སྔོན་མ།:བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་ཁང་བརྒྱ་དང་སློབ་གྲྭ་སྟོང་གི་དཔེ་ཀློག་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:མཛའ་བརྩེའི་ཐུགས་ཁུར་རི་ལྟར་ལྕི་ཞིང་མཚོ་ལྟར་ཟབ།
  • དོ་སྣང་ཆེ་བའི་རྩོམ།