མཛའ་བརྩེའི་ཐུགས་ཁུར་རི་ལྟར་ལྕི་ཞིང་མཚོ་ལྟར་ཟབ།

    སྐལ་ཐུབ་ཀྱིས།    2015-12-01

  ལོ་གཅིག་སྔོན་གྱི་ཟླ་བ11པའི་ཚེས22ཉིན་ལ་རང་ཁུལ་གྱི་དར་མདོ་ས་ཁུལ་གཙོས་པའི་ས་ཆ་ལ་ས་འགུལ་རིམ་ཚད6.3བྱུང་ནས་མི5རྐྱེན་ལམ་དུ་ཤོར་བ་དང་མི54ལ་རྨས་སྐྱོན་ཕོག་པ་རེད། དར་མདོ་གྲོང་ཁྱེར་དང་། རྟའུ། རོང་བྲག བརྒྱད་ཟིལ། ལྕགས་ཟམ། ཉག་ཆུ་བཅས་རྫོང་གི་ཤང་དང་གྲོང་རྡལ55ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཤིང་གནོད་ཐེབས་མང་ཚོགས་ཁྲི7.9ལ་ཟིན་པ་རེད།
  ས་འགུལ་བྱུང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཙུང་ལི་གཞོན་པ་ཀྲང་ཀའོ་ལི་དང་ཝང་དབྱང་བཅས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམ་པས་གཅིག་རྗེས་གཉིས་མཐུད་དེ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་སྦྲགས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་ལས་ཀའི་ཚོ་ཆུང་མངགས་ནས་འགུལ་འགོག་གི་ལས་ཡུལ་དངོས་སུ་ཁྲིད་སྟོན་རོགས་སྐྱོར་བྱས་པ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དེ་མུར་བབ་བསྟུན་སྔོན་བཀོད་འཆར་འགོད་ལག་ལེན་བསྟར་འགོ་ཚུགས་ཏེ་འགུལ་འགོག་གནོད་སེལ་གྱི་བཀོད་འདོམས་པུའུ་བཙུགས་པ་དང་། ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་དཔོན་ཝེ་ཧོང་སོགས་ཞིང་ཆེན་གྱི་འགོ་ཁྲིད་གནོད་ཐེབས་ཡུལ་དངོས་སུ་ཕེབས་ནས་གནོད་སྐྱོབ་ལས་ཀར་ཁྲིད་སྟོན་གནང་བ་རེད།
  ས་འགུལ་བྱུང་ཉིན་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་བྲེལ་མྱུར་ངང་རང་རེའི་ཞིང་ཆེན་ལ་རང་བྱུང་གནོད་འཚེའི་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི5000གཏོང་སྤྲོད་བྱས་ཤིང་། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་དར་མདོའི་གནོད་ཐེབས་ཁུལ་ལ་རས་གུར1000དང་སྲིང་བལ་ཉལ་ཐུལ2000 སྲིང་བལ་སྟོད་ཐུང2000བཅས་མཁོ་འདོན་མྱུར་སྤྲོད་བྱས་པར་མ་ཟད་མཚན་མོར་རླངས་འཁོར་ལ་བཅུག་ནས་སྐྱེལ་འདྲེན་བྱས་ཏེ་གནོད་ཐེབས་མང་ཚོགས་གནས་སྤོ་བཀོད་འཇོག་བྱེད་པའི་ལས་ཀར་རོགས་རམ་བྱས་པ་རེད། སི་ཁྲོན་ཞིང་ཆེན་རིམ་ཁག་ནོར་སྲིད་ཀྱིས་བྲེལ་མྱུར་ངང་གནོད་སྐྱོབ་མ་དངུལ་སྒོར་ཁྲི1400བཏང་ནས་གནོད་ཐེབས་མང་ཚོགས་ལ་གྲང་འགོག་དང་འཚོ་བའི་བཀོད་འཇོག་བྱེད་ཡས་སུ་སྤྱད་རྒྱུར་བྱིན་པ་རེད། ཞིང་ཆེན་དམངས་སྲིད་ཐིང་གིས་གནོད་ཐེབས་ས་ཁུལ་དུ་རས་གུར600དང་སྲིང་བལ་སྟོད་ཐུང1000 སྲིང་བལ་ཉལ་ཐུལ1000བཅས་མཁོ་འདྲེན་བྱས་པ་དང་། ཀྲུང་གོའི་ས་འགུལ་ཅུས་དང་རྒྱལ་ཁབ་གནོད་འཕྲི་ཨུ་ལྷན། དམངས་སྲིད་པུའུ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁྲེང་ཏུའུ་དམག་ཁུལ་སོགས་ཀྱིས་བྲེལ་མྱུར་ངང་གནོད་ཐེབས་ས་ཁུལ་གྱི་འགུལ་འགོག་གནོད་སེལ་ལས་ཀར་རོགས་སྐྱོར་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་སྲུང་སྐྱོབ་ནུས་ལྡན་བྱས་པ་རེད། 
 ཟླ་བ11པའི་ཚེས23ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་ཝེ་ཧོང་གིས་ཞིང་ཆེན་བབ་བསྟུན་བཀོད་འདོམས་ལྟེ་གནས་སུ་དར་མདོའི་འགུལ་འགོག་གནོད་སེལ་གྱི་བབ་བསྟུན་ལས་ཀའི་གྲོས་ཚོགས་འཚོགས་ཏེ་སྔར་ལྷག་གིས་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་བཀོད་འཇོག་དང་རྨས་མ་ཚབས་ཆེན་ལ་སྨན་བཅོས། འགྲོ་ལམ་ཤར་བགྲོད་ཐུབ་པ་སོགས་གཙོ་གནད་ལས་ཀ12དམ་འཛིན་བྱ་དགོས་པའི་ནན་གསུངས་གནང་བ་རེད།
 ཟླ་བ11པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་རྒྱུན་ལས་ཨུ་ཡོན་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་གནང་ཞིང་དུས་རིམ་སྔོན་མའི་འགུལ་འགོག་གནོད་སེལ་གྱི་ལས་ཀ་སྤེལ་ཚུལ་གྱི་སྙན་སེང་ལ་ཉན་འཇོག་གནང་ཞིང་སྔར་ལྷག་གིས་འགུལ་འགོག་གནོད་སེལ་ལས་ཀ་ཡག་པོ་བསྒྲུབ་དགོས་པར་བཀོད་སྒྲིག་གནང་བ་རེད།
 ཟླ་བ12པའི་ཚེས2ནས3ཉིན་གྱི་བར། ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་དཔོན་ཝེ་ཧོང་དར་མདོའི་ས་འགུལ་གནོད་ཐེབས་ཁུལ་གྱི་གྲོང་རྡལ་དང་གྲོང་སྡེ། གཅིག་སྡུད་བཀོད་འཇོག་བྱེད་ཡུལ། སློབ་གྲྭ། སྨན་ཁང་། དགོན་པ་སོགས་སུ་ཕེབས་ནས་ཡུལ་དངོས་སུ་ལྟ་ཞིབ་གནང་ཞིང་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་བ་དང་སྦྲགས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ཉེན་མེད་ངང་དགུན་ཁ་བརྒལ་ཐུབ་པ་དང་གནོད་རྗེས་བསྐྱར་འཛུགས་ལས་ཀའི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
 ཟླ་བ4པའི་ཚེས22ཉིན། དར་མདོའི་གནོད་རྗེས་བསྐྱར་འཛུགས་ཉམས་གསོ་དང་གཅིག་སྡུད་བཀོད་འཇོག་བྱེད་ཡུལ་གྱི་ལས་གཞི་གཅིག་སྡུད་ངང་ལས་འགོ་ཚུགས་པ་དང་ཞིང་དཔོན་ཝེ་ཧོང་ཆེད་དུ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་དུ་ལས་འགོ་ཚུགས་པའི་མཛད་སྒོར་ཕེབས་ཤིང་ལས་གཞི་བསྐྲུན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
 མིག་སྔར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་བཅས་ཀྱིས་སྲ་བརྟན་གྱིས་འགོ་ཁྲིད་དང་རྒྱབ་སྐྱོར་གནང་འོག མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར40.9ཡིན་པའི་གནོད་རྗེས་བསྐྱར་འཛུགས་ལས་ཀ་གནོད་ཐེབས་གྲོང་ཁྱེར་དང་རྫོང་ཁག་ཏུ་ཚ་ཚ་འུར་འུར་ངང་སྤེལ་དང་སྤེལ་བཞིན་ཡོད་ལ། མི་རིང་བར་ཞིང་སྡེ་གསར་པའི་འཛུགས་སྐྲུན་གྱི་ཚད་གཞི་དང་མཐུན་ཞིང་གྲོང་རྡལ་ཅན་གསར་པའི་རྣམ་པ་ཡང་མངོན་པའི་ཁྱིམ་གཞིས་གསར་པ་མུ་ཏིག་ཐང་ལ་བརྡལ་བ་ལྟར་ཁམས་པའི་མཐོ་སྒང་དུ་བཀྲ་བར་ངེས་སོ།། 
  • ལེ་ཚན་སྔོན་མ།:ལྷོ་ཁའི་དེང་རབས་རྩོམ་རིག་དཔེ་ཚོགས་ཐོག་མའི་འགྲེམས་སྤེལ་མཛད་སྒོ་བསྡུས་པ།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་དར་མདོའི་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་སྙན་ཞུ་སོགས་ལ་གསན་པ།
  • དོ་སྣང་ཆེ་བའི་རྩོམ།