རང་ཁུལ་གྱིས་ཁུལ་ཡོངས་ཀྱི་རྣམ་པ་གསར་པའི་གྲོང་རྡལ་ཅན་ལག་བསྟར་འཆར་གཞི་ལྟར2015ལོ་ནས2017ལོ་བར་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་འགུལ་ལག་བསྟར་བྱ་རྒྱུར་འབད་པ་བྱ་རྒྱུ་རེད།
གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་རིམ་ཁུལ་ཡོངས་སུ་གཞུང་ལམ་འགྲིམ་འགྲུལ་དང་གྲོང་ཁུལ་དོ་དམ་དྲ་བ། ཆུ་ལོག་སྔོན་འགོག་དང་འཁྱོལ་ཆུ་བཤང་བ། ཆུ་བཙོག་གཏོང་འབུད། གད་སྙིགས་གཙང་སེལ། རང་བྱུང་བུད་རླངས་དང་ཆུ་ཚ་འདོན་སྤྲོད། སྐྱེ་ཁམས་ནགས་ཚལ། གློག་ཤུགས་ཆ་འཕྲིན་སོགས་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་བཏང་ནས་རྫོང(གྲོང་ཁྱེར)ཁག་བཅོ་བརྒྱད་ཀྱི་གྲོང་མཁར་རྙིང་པར་བཟོ་བཅོས་དང་གྲོང་གསར་འཛུགས་སྐྲུན། ཞིང་ཆེན་རིམ་པའི་གྲོང་རྡལ་བརྒྱའི་ཚོད་ལྟ་བདུན། ཁུལ་རིམ་པའི་དཔེ་སྟོན་གྲོང་རྡལ20འཛུགས་སྐྲུན་བྱེད་པ་དང་། གྲོང་རྡལ་བང་ལེབ་ཁང་པའི་དུད་ཚང་འདུས་སྡེའི་ཆ་ཚང་པའི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བར་བྱས་ཏེ། ལོ་གསུམ་རིང་ཧུར་བརྩོན་བྱས་པར་བརྒྱུད། ཁུལ་ཡོངས་སུ་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མཐོར་འདེགས་ཡོང་ཞིང་། གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་སྔ་ལས་ལྷག་པར་འཐུས་ཚང་དུ་གཏང་གང་ཐུབ་བྱ་རྒྱུ་རེད།།