འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ།》ལ་གསེར་རྟའི་བྱ་དགའ་ཐོབ་པ།

        2015-11-26

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《ཐར་ལོ།》ལ་གསེར་རྟའི་བྱ་དགའ་ཐོབ་པ།

  སྤྱི་ཟླ11པའི་ཚེས21ཉིན། སྐབས52པའི་གསེར་རྟའི་བྱ་དགའ་གནང་བའི་མཛད་སྒོ་དེ་ཐའེ་ཝན་དུ་བསྡུས་ཤིང་། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་ཕ་སྐད་གློག་བརྙན་གསར་པ་《ཐར་ལོ།》ཞེས་པར་སྐབས52པའི་འཁྲབ་གཞུང་བཅོས་སྒྲིག་གི་གསེར་རྟའི་ཕུལ་བྱུང་བྱ་དགའ་ཐོབ།
  གློག་བརྙན《ཐར་ལོ།》ནི་པདྨ་ཚེ་བརྟན་གྱི་སྒྲུང་ཐུང《ཐར་ལོ།》ཞེས་པ་གཞིར་བཟུང་ནས་བཅོས་སྒྲིག་བྱས་ཤིང་ཁོང་གི་ཕ་སྐད་གློག་བརྙན་ལྔ་པ་ཡིན་པ་དང་། སྐབས72པའི་ཝེ་ནཱ་སི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི《གནམ་སའི་སྦྲེལ་མཚམས།》ཞེས་པའི་སྡེ་ཚན་སོགས་སུ་ཚུད་མྱངས།
  པདྨ་ཚེ་བརྟན་གྱིས་བྱ་དགའ་ལེན་པའི་སྐབས་སུ་བཤད་རྒྱུར། ངའི་ཕ་ཡུལ་ལ་བཀའ་དྲིན་ཞུ། ངའི་གཏམ་རྒྱུད་ཀྱི་འབྱུང་ཁུངས་ནི་ཕ་ཡུལ་ཡིན་ཞིང་། ཕ་ཡུལ་གྱིས་ངའི་གསར་རྩོམ་ལ་ནམ་ཡང་འཛད་མཐའ་མེད་པའི་ཚོར་འདུ་བསྐྱེད་ཡོང་།།
39.7K
  • ལེ་ཚན་སྔོན་མ།: སྡེ་དགེ་རྫོང་གིས་བཀའ་བསྟན་འགྱུར་བསྐྱར་རྐོ་བྱེད་པའི་ལས་ཀ་སྤེལ།
  • ལེ་ཚན་རྗེས་མ།:ལོ་གསུམ་ནང་ཚུན་རང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཀྱི་གྲོང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་ཡོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།