མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-07-11
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་ཨོ་སི་ཁྲི་རི་ཡ་གཉིས་ཀྱིས་རྒྱང་རིང་ལ་དམིགས་པ་དང་། ཐུན་མོང་གི་ཁེ་ཕན་ལ་དམ་པོར་དམིགས་ཏེ་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། ཀྲུང་གོ་དང་ཨོ་སི་ཁྲི་རི་ཡ་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་མཐུན་གྲོས་མོལ་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་འབད་བརྩོན་བྱེད་དགོས་ཟེར།
ཞི་ཅིན་ཕེན་གྱིས་ཧི་ཧྭ་ཏི་ཡིས་ཨོ་སི་ཁྲི་རི་ཡའི་ཙུང་ལིའི་འགན་འཁུར་སྐབས་ཀྲུང་གོ་དང་ཨོ་སི་ཁྲི་རི་ཡ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་བཞག་པར་གཟེངས་བསྟོད་མཛད་པར་མ་ཟད། ཁོས་མུ་མཐུད་དུ་ནུས་པ་བཟང་བོ་འདོན་པར་རེ་བ་བྱེད་བཞིན་ཡོད་ཟེར།
ཧི་ཧྭ་ཏི་ཡིས་བཤད་རྒྱུར། ཨོ་སི་ཁྲི་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པར་འབད་པ་བྱེད་ཀྱིན་ཡོད་ལ། ཕྱོགས་གཉིས་ཀྱིས་ཨོ་སི་ཁྲི་རི་ཡ་དང་ཀྲུང་གོའི་བར་གྱི་རང་དབང་ཉོ་ཚོང་གྲོས་མཐུན་སྔ་མོ་ནས་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10