ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།

    མཚོ་སྔོན་པོ་དྲ་བ།    2014-07-11

ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།
ཀན་སུའུ་དཔའ་རིས་བོད་ཡུལ་དུ་སྲོལ་རྒྱུན་གྱི་རྟ་རྒྱུག་འགྲན་སྡུར་སྤེལ་བ།

  ཟླ7པའི་ཚེས3ཉིན། ཀན་སུའུ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་དུ་རྟ་རྒྱུག་འགྲན་ཚོགས་སྤེལ་ཞིང་། འགྲན་ཞུགས་པ་རྣམས་ཀྱིས་ཚ་ཚ་འུར་འུར་སྒོས“དགྲ་ལྷ་བཅུ་གསུམ”དུ་ཚུད་པའི་འགྲན་སྡུར་སྤེལ་བ་རེད། 
  རྟ་རྒྱུག་འགྲན་སྡུར་གྱི་བྱུང་འཕེལ་ལ་དཔའ་རིས་ཡུལ་གྱི་དམངས་ཁྲོད་དུ་གཏམ་རྒྱུད་ཅིག་ཡོད་པ་སྟེ། སྔོན་མ་བོད་བཙན་པོའི་རྒྱལ་རབས་སྐབས་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བསུ་སྐབས་རྟ་རྒྱུག་འགྲན་སྡུར་སྤེལ་ནས། བཙན་པོ་ཁོང་ཡང་འགྲན་སྡུར་ཁྲོད་ཞུགས་ཏེ་ཨང་བཅུ་གསུམ་པ་བླངས། དུས་དེ་ནས་བཟུང་རྟ་རྒྱུག་འགྲན་སྡུར་བྱེད་པའི་སྲོལ་ལུགས་ཀྱི་རྒྱུན་བསྐྱངས་པར་མ་ཟད། ཨང་རིམ་བཅུ་གསུམ་བར་དུ་བཀར་ནས“དགྲ་ལྷ་བཅུ་གསུམ”ཞེས་པའི་མཚན་སྙན་གསོལ་བ་རེད། 

  • ལེ་ཚན་སྔོན་མ།:བོད་ཀྱི་དངོས་མིན་རིག་གནས་ཤུལ་བཞག་མང་པོ་ཞིག་གྲངས་འཛིན་པར་གཞིའི་ཐོག་ནས་ཕྱི་ཕྱོགས་སུ་མཉམ་སྤྱོད་བྱ་རྒྱུ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཨོ་སི་ཁྲི་རི་ཡའི་སྔོན་ཆད་ཀྱི་ཙུང་ལི་ཧི་ཧྭ་ཏི་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།