ཚུའེ་པའོ་ཧྭས་རྟའུ་རྫོང་ལ་ཞིང་ཆེན་གྱི་བོད་ཁུལ་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་གནང་བའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2015-11-09

ཟླ་བ10པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭས་ཞིང་ཆེན་སྒྲོག་འགྲེལ་ཚོགས་པ་དཀར་མཛེས་ཁུལ་ཡན་ལག་ཚོགས་པའི་ཚོ་ཆུང་གཉིས་པ་སྣེ་ཁྲིད་བྱས་ཏེ་རྟའུ་རྫོང་དུ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད། སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་ནས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་བླང་བྱ་ནན་པོ་དང་སྤྱོད་ཚུལ་བཟང་པོའི་ཐོག་ནས་ཁྱད་ཆོས་གསུམ་ལྡན་གྱི་ལས་བྱེད་པ་བྱ་གང་ཐུབ་བྱས་ཏེ། དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་ཡོང་བར་ཤུགས་བསྣན་དགོས་ཞེས་གསུངས་པ་རེད།
  སྒྲོག་འགྲེལ་བྱེད་རིང་དུ། ཚུའེ་པའོ་ཧྭས་དུས་བབ་དང་ལས་འགན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ། མི་སེམས་གཅིག་འགྲིལ་བྱ་རྒྱུ། ཁྲིམས་ལྟར་བོད་སྐྱོང་། དྲིལ་བསྒྲགས་སློབ་གསོ་སོགས་ཕྱོགས་བརྒྱད་ཀྱི་ཐད་ཞིང་ཆེན་བོད་ཁུལ་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་གཙོ་གནད་ལ་གསལ་འགྲེལ་གནང་ནས་གཞི་རིམ་ཏང་ཡོན་ལས་བྱེད་པར་བོད་ཁུལ་ལས་དོན་གྱི་སྤྱིའི་བསམ་ཕྱོགས་དང་གཞི་རྩའི་བླང་བྱ། རྩ་དོན་གལ་ཆེན་བཅས་ལ་གོ་བ་གསལ་པོ་ཞིག་བླང་ཐུབ་པར་རོགས་རམ་བྱས་པ་རེད།
  ཚུའེ་པའོ་ཧྭ་ཡིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བོད་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་འོག དཀར་མཛེས་བོད་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ཕྱུག་འགྱུར་ལ་སྲ་བརྟན་གྱི་རྨང་གཞི་བཏིང་བ་རེད། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། ཡིན་མིན་ཆེན་པོའི་ལངས་ཕྱོགས་ལ་ཤེས་རྟོགས་གསལ་པོ་ཡོད་པ་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་ཐད་བློ་རྩ་བརྟན་པོ་ཡིན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་བའི་བརྩེ་དུང་ལྷག་བསམ་རྣམ་དག་ཡིན་པ་བཅས་ཁྱད་ཆོས་གསུམ་དང་ལྡན་པའི་ལས་བྱེད་པ་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་ཡག་པོ་བྱས་ནས། སེམས་ཤུགས་གཅིག་བསྒྲིམས་ཀྱིས་བོད་ཁུལ་གྱི་དབུལ་སྐྱོར་ལས་ཀ་ཡག་མོ་སྒྲུབ་ཅིང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཤུགས་མཉམ་རྒྱག་བྱ་དགོས།། 
  • ལེ་ཚན་སྔོན་མ།:ཧྲི་ཅུན་གྱིས་དར་མདོ་གྲོང་ཁྱེར་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་གནང་།
  • ལེ་ཚན་རྗེས་མ།:《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》པར་འགྲེམས་བྱས།
  • དོ་སྣང་ཆེ་བའི་རྩོམ།