ཧྲི་ཅུན་གྱིས་དར་མདོ་གྲོང་ཁྱེར་དུ་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་གནང་།

    ལྷ་འཛོམས་ཀྱིས་བསྒྱུར།    2015-11-09

ཟླ་བ10པའི་ཚེས29ནས30ཉིན་བར་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཅུན་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དུ་བོད་ཁུལ་གྱི་སྤྱི་ཚོགས་ཁྲིམས་ལྟར་བཅོས་སྐྱོང་བྱ་རྒྱུའི་རྒྱུན་རྣམ་ཅན་གྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་ཞིང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་མཛད་པ་རེད།
 ཧྲི་ཅུན་དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་གྱི་འོད་གསལ་འདུས་སྡེ་ཁུལ་དང་ལྷ་མོ་རྩེ་སོགས་སུ་ཕེབས་ནས་ཡུལ་དངོས་སུ་དྲ་རྒྱ་ཅན་གྱི་ཞབས་འདེགས་དོ་དམ་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་སྣ་མང་ཅན་གྱི་འགལ་བ་རྩོད་གཞིར་ཞིབ་བཤེར་དང་ཐག་གཅོད་བྱས་ཚུལ། བཅའ་ཁྲིམས་ཕྱོགས་བདུན་ལ་སྤེལ་ཚུལ། གཏན་འཁེལ་མེད་པའི་མི་གྲངས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ཚུལ་སོགས་ཀྱི་ལས་ཀར་ཆ་རྒྱུས་ཟབ་མོ་བླངས་པ་རེད། དགོན་པའི་གྲྭ་བཙུན་དང་སྙིང་གཏམ་བཤད་རེས་མཛད་དེ་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་ཞིབ་པོ་བྱས་པས་མ་ཚད། གཞི་རིམ་གྱི་སྲིད་ཁྲིམས་ཉེན་རྟོག་དཔོན་དམག་དང་ལས་བྱེད་པ། ལས་བཟོ་བཅས་ལ་འཚམས་འདྲི་གནང་ཞིང་ཁོ་ཚོར་མུ་མཐུད་ནས་བསམ་པ་རྣམ་དག་གིས་འགན་འཁྲི་སྒྲུབ་ཅིང་། རྨང་གཞིའི་ལས་ཀ་ཞིབ་པོ་བསྒྲུབས་ནས་བོད་ཁུལ་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་གསར་པ་འབུལ་དགོས་ཞེས་སྐུལ་ལྕག་གཏོང་བ་རེད།
 སྒྲོག་འགྲེལ་ཚོགས་ཆེན་ཐོག་ཧྲི་ཅུན་གྱིས་བོད་ཁུལ་ལས་ཀའི་གནས་བབ་དང་ལས་འགན་སོགས་གང་ཅིའི་ཐད་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱེད་པ་དང་། སྔར་ལྷག་གིས་བོད་ཁུལ་ལས་ཀའི་འགན་འཁྲི་ཁུར་སེམས་ཇེ་དྲག་ཏུ་གཏང་ཞིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བོད་ཁུལ་འཕེལ་རྒྱས་ལ་སྔར་བྱུང་མ་མྱོང་བའི་རྒྱབ་སྐྱོར་དང་བོད་ཁུལ་གྱི་དམངས་འཚོ་ལེགས་བཅོས་ཐད་མ་དངུལ་སྔར་བྱུང་མ་མྱོང་བ་འཇོག་པ། བོད་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་སྔར་བྱུང་མ་མྱོང་བའི་སེམས་ཁུར་གནང་བར་ངོས་འཛིན་གང་ལེགས་བྱས་ནས་སྔ་ལས་ལྷག་པར་བོད་ཁུལ་གྱི་ལས་ཀ་ཡག་མོ་བསྒྲུབ་རྒྱུའི་ཆོད་སེམས་དང་ཡིད་ཆེས་སྲ་བརྟན་དུ་གཏང་དགོས་ཞེས་མཛུབ་སྟོན་གནང་བ་རེད།།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་འབའ་ཐང་རྫོང་གིས2015 ལོའི་ལོ་འཁོར་གྱི་སྐབས་དང་པོའི་བོད་སྐད་ཀྱི་སྙན་ངག་གྱེར་འདོན་འགྲན་བསྡུར་འཚོགས།
  • ལེ་ཚན་རྗེས་མ།:ཚུའེ་པའོ་ཧྭས་རྟའུ་རྫོང་ལ་ཞིང་ཆེན་གྱི་བོད་ཁུལ་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་སྒྲོག་འགྲེལ་གནང་བའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།