《བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་པར་མཛོད》འགྲེམ་སྤེལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བ།        2015-10-28

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ།གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་སུ་རྒྱུས་ལོན་བྱུང་བ་ལྟར་ན།ལོ་དྲུག་ལྷག་གི་རིང་ལ་འཚོལ་སྡུད་དང་།འཐུས་ཚང་།ཞིབ་བཤེར་བྱས་པ་བརྒྱུད་དེ།《བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་པར་མཛོད》ཉེ་ཆར་དངོས་སུ་འགྲེམ་སྤེལ་བྱས།དཔེ་ཆ་དེར་ཡིག་གྲངས་ཁྲི10ལྷག་དང་པར་རིས320ལྷག་ཡོད་པ་དང་།དངོས་ཡོད་དང་བསྟུན་ནས་རྒྱུད་རིམ་ལྡན་པའི་སྒོ་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རྩོམ་ཡིག་སྟེ་རྣམ་གྲངས323གྱི་རྒྱུད་འཛིན་མངའ་ཁོངས་དང་།ལོ་རྒྱུས་འབྱུང་ཁུངས།ཕྱིར་མཚོན་རྣམ་པ།རིག་གནས་རིན་ཐང་།ཉམས་རྒུད་གནས་ཚུལ་ངོ་སྤྲོད་བྱས་ཡོད་པས།རིག་གཞུང་རང་བཞིན་དང་།ཤེས་བྱའི་རང་བཞིན།ཡིག་ཆའི་རང་བཞིན་གྱི་ཁྱད་ཆོས་མང་པོ་ལྡན།རྒྱུས་ལོན་ལྟར་ན།《བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་པར་མཛོད》ཅེས་པའི་དཔེ་ཆ་འདིའི་རྩོམ་སྒྲིག་བྱ་བ་ནི2009ལོར་སྤེལ་འགོ་བརྩམས་ཤིང་།2015ལོའི་ཟླ7པར་པར་སྐྲུན་ཐེངས་དང་པོ་བྱས་པས།བར་ནས་ལོ་དྲུག་གི་དུས་ཡུན་འགོར།དཔེ་ཆ་འདིར་ལྗོངས་ཡོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་སྐོར་ཐེངས་དང་པོ་དང་། གཉིས་བ།གསུམ་པ།བཞི་བ་བཅས་ཀྱི་རྣམ་གྲངས323འདུས་ཤིང་།ཕྲ་ཞིབ་དང་ཆ་ཚང་གི་སྒོ་ནས་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཟིན་ཐོར་བཀོད་ཡོད་ཅིང་།དེ་ནི་བོད་ལྗོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཅུང་ཆ་ཚང་གི་སྒོ་ནས་ངོ་སྤྲོད་བྱས་ཡོད་པའི་དཔེ་ཆ་ཐོག་མའང་ཡིན།བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་མགོ་གཙོ་གཞོན་པའམ།རང་སྐྱོང་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ངག་དབང་བསྟན་འཛིན་གྱིས་བཤད་རྒྱུར།དཔེ་ཆ་འདིའི་ནང་བཀོད་ཡོད་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ཡོད་ཚད་ནི་ཡོངས་བཤེར་དང་ཡིག་ཆ་སྙན་ཞུར་ཕུལ་བའི་ཐབས་ལམ་བརྒྱུད་དེ་ཐོན་པ་ཡིན་པས།སྔ་གཞུག་ཏུ་བསྡོམས་པས་ལོ6ལྷག་གི་ལྷག་གི་དུས་ཚོད་བེད་སྤྱད་ཡོད་ཟེར།རྒྱུས་ལོན་བྱུང་བ་ལྟར་ན།བོད་རང་སྐྱོང་ལྗོངས་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་སུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་མི་སྣ་སྐོར་གྱི་དཔེ་ཆ་ཞིག་ད་ལྟ་རྩོམ་སྒྲིག་བྱེད་བཞིན་པའི་སྒང་ཡིན་ལ།2016ལོར་འགྲེལ་སྤེལ་བྱེད་རྩིས་ཡོད་པ་རེད།  །
 
  • ལེ་ཚན་སྔོན་མ།:ཟི་ལིང་གྲོང་ཁྱེར་གྱི་ཕུལ་བྱུང་གསར་གཏོད་ལག་རྩལ་གྲུབ་འབྲས་རྣམ་གྲངས35ལ་བྱ་དགའ་ཐོབ།
  • ལེ་ཚན་རྗེས་མ།:སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན་བཅས་ས་མཚམས་བོད་ཁུལ་གྱི་གྲོང་ཁྱེར་དང་ཁུལ་འགོ་འཛིན་གྱི་མཉམ་འབྲེལ་གྲོས་ཚོགས་དང་པོ་རང་ཁུལ་དུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།