འབར་ཁམས་རྫོང་གི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་བརྡ་གཏོང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཀྲུང་གུང་འབར་ཁམས་རྫོང་ཨུ་དང་། འབར་ཁམས་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱེད་པའི་སྐབས་ལྔ་པའི་རྒྱལ་རོང་སྐོར་བྲོ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྤྱི་ཟླ་10པའི་ཚེས་23ཉིན་ནས་ཚེས26ཉིན་བར་འབར་ཁམས་རྫོང་དུ་འཚོག་རྒྱུ་རེད།