བོད་ལྗོངས་ཀྱིས་འཛམ་གླིང་སྦྲག་འཛིན་ཉིན་མོའི་བྱེད་སྒོ་སྤེལ།

    བོད་ལྗོངས་ཉིན་རེའི་ཚགས་པར།    2015-10-23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱིས་འཛམ་གླིང་སྦྲག་འཛིན་ཉིན་མོ་ཐེངས46པའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེས“ཁྱིམ་ཚང་ཁྲིར་བརྩེ་བ་བཅངས་ནས་འཕྲིན་ཡིག་ཀུན་ལ་འབྱོར་པ་བྱེད་པའི་ཞབས་ཞུའི་སྤུས་རྟགས་གཏོད་རྒྱུ”བརྗོད་བྱ་གཙོ་བོར་བྱས་ཡོད། ལྷ་ས་གྲོང་ཁྱེར་ཀྲུང་གོ་སྦྲག་འཛིན་ལས་སྒོ་གཉེར་ཡུལ་གྱི་སྒོ་འགྲམ་དུ་ལས་དོན་པས་རྒྱ་ཆེའི་གྲོང་མིར་དྲིལ་བསྒྲགས་ཡི་གེ་སྤྲོད་པ་དང་བློ་འདོན་གྱི་བྱེད་སྒོ་སྤེལ་ནས་འཁྲུག་ཆ་དོད་པའི་ཁྲོད། གྲོང་མི་ཁག་གཅིག་གིས་ལས་དོན་པར་སྦྲག་འཛིན་ལས་སྒོའི་འབྲེལ་ཡོད་ཤེས་བྱའི་སྐོར་དྲིས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན་བྱེད་སྒོ་དེ་རང་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་དྲུག་ལ་དུས་གཅིག་ཏུ་སྤེལ་བཞིན་ཡོད་པ་རེད།  །
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་ད་ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་གདན་ཞུ་ཆེད་དོན་ཚོགས་འདུ་ཟླ་འདིའི་ཚེས24ཉིན་ཚོགས་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།