འབའ་ལུང་རྫོང་གིས་ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་སྒོར་ཁྲི1700འགྲེམ་གཏོང་བྱས་པ།

    ཀྲུང་གོ་བོད་ཀྱི་དྲ་བ།    2014-07-11

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་འབའ་ལུང་རྫོང་གིས2013ལོའི་སྐོར་གཉིས་པའི་རང་བྱུང་སྲུང་སྐྱོང་རྣམ་གྲངས་ལས་ཀྲུང་དབྱང་ནོར་སྲིད་ཀྱིས་ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་སྒོར17356716འགྲེམ་གཏོང་བྱས།

རྒྱུས་ལོན་པ་ལྟར་ན། ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་ནི་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་རྣམ་གྲངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འབའ་ལུང་རྫོང་གིས་ནན་ཏན་སྒོས་ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་པའི་བྱ་བ་སྒྲུབ་པ་དང་།  ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་བ་བརྒྱུད།  དུས་ལྟར་ནགས་ཚལ་སྐྱེ་ཁམས་རོགས་དངུལ་འགྲེམ་གཏོང་བྱས།  ཧུར་ཐག་སྒོས་ས་དེའི་གནས་བབ་དང་མཐུན་པའི་ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་འགྲེམ་གཏོང་བྱེད་པའི་ཡུན་རིང་གི་ལམ་ལུགས་འཚོལ་ཞིབ་དང་ལམ་ལུགས་བཙུགས་ནས།  རྒྱ་ཆེའི་ཞིང་བ་མང་ཚོགས་རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་གྲས་སུ་ཞུགས་པར་སྐུལ་འདེད་བྱས།  ། 

  • ལེ་ཚན་སྔོན་མ།:དབྱར་རྩྭ་དགུན་འབུ་དང་བོད་ཀྱི་གསོ་རིག་སྨན་རྫས་འགྲེམ་སྟོན་བརྗེ་རེས་ཚོགས་འདུའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དང་ཚོང་འགུག་མཚམས་སྦྱོར་ཚོགས་འདུ་དེ་པེ་ཅིན་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཞིང་སྡེའི་ཡིད་རྟོན་མ་ལག་གི་ཚོད་ལྟ་ས་ཁུལ་བསྐྲུན་རྒྱུའི་ལས་ཀ་དངོས་སུ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།