བོད་ལྗོངས་ཀྱིས་ཞིང་སྡེའི་ཡིད་རྟོན་མ་ལག་གི་ཚོད་ལྟ་ས་ཁུལ་བསྐྲུན་རྒྱུའི་ལས་ཀ་དངོས་སུ་སྤེལ་འགོ་ཚུགས།

མིག་དམར་གྱིས་བསྒྱུར།        2014-07-11

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གཏམ་གསར།མིག་སྔར་ཀྲུང་གོ་མི་དམངས་དངུལ་ཁང་གི་ལྷ་སའི་ལྟེ་བའི་ཡན་ལག་དངུལ་ཁང་དང་བོད་རང་སྐྱོང་ལྗོངས་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱིས་ལྷོ་ཁ་ས་ཁུལ་འཕྱོངས་རྒྱས་རྫོང་དུ་མཉམ་འབྲེལ་བྱས་ཏེ་ཞིང་སྡེའི་ཡིད་རྟོན་མ་ལག་གི་ཚོད་ལྟ་ཁུལ་སྐྲུན་འགོ་ཚུགས་པའི་མཛད་སྒོ་སྤེལ་ཞིང་།འདི་ནི་བོད་རང་སྐྱོང་ལྗོངས་ཞིང་སྡེའི་ཡིད་རྟོན་མ་ལག་བསྐྲུན་རྒྱུའི་ལས་ཀ་ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་པའི་མཚོན་ཚུལ་ཞིག་རེད།       ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་བ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུའི་གྲུབ་ཆ་གལ་ཆེ་ཞིག་ཡིན་ཞིང་།ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་ཇེ་མགྱོགས་བྱས་ནས་ལས་ཞུགས་ལ་སྣེ་ཁྲིད་དང་ནང་ཁུལ་དགོས་མཁོ་རྒྱ་སྐྱེད།དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱ་རྒྱུར་སྐུལ་སྤེལ་བྱས་ནས་བོད་ལྗོངས་ཀྱི་དཔལ་འབྱོར་གསོན་ཤུགས་ཇེ་དྲག་ཏུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་རེད།       ཞིང་སྡེའི་ཡིད་རྟོན་མ་ལག་འཛུགས་སྐྲུན་བྱེད་པའི་ལས་ཀ་དེས་མ་དངུལ་བསྡུ་རུབ་བྱ་རྒྱུར་རྒྱབ་སྐྱོར་དང་ཞིང་འབྲོག་དུད་ཚང་གི་ཡིད་རྟོན་གྱི་འདུ་ཤེས་གསོ་སྐྱོང་བྱ་རྒྱུས་གཞི་འཛིན་ས་བྱས་ཏེ་ཡིད་རྟོན་གྱིས་ཞིང་ལས་ལ་ཕན་ཐོགས་པ་དང་ཡིད་རྟོན་དངུལ་བུན་གྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པ།སྲིད་ཇུས་ཀྱིས་ཞིང་ལས་ལ་རོགས་རམ་བྱེད་པ།  ཞབས་འདེགས་ཞུས་ཏེ་ཞིང་པར་སྟབས་བདེའི་རྣམ་པམངོན་འགྱུར་བྱས་ཏེ་བོད་ལྗོངས་ཀྱི་ཞིང་སྡེའི་ཡིད་རྟོན་མ་ལག་སྐྲུན་པར་ཁྱད་ཆོས་ལྡན་པ་དང་མིག་དཔེ་བྱེད་ཆོག་པ།འདྲ་བཟོ་བྱེད་ཆོག་པའི་གསར་སྐྲུན་མིག་དཔེ་དང་ཡུན་རིང་ཕན་འབྲས་ལྡན་པའི་ནང་རྐྱེན་འདོན་སྤྲོད་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།:འབའ་ལུང་རྫོང་གིས་ནགས་ཚལ་སྐྱེ་ཁམས་ཁ་གསབ་རོགས་དངུལ་སྒོར་ཁྲི1700འགྲེམ་གཏོང་བྱས་པ།
  • ལེ་ཚན་རྗེས་མ།: ཨན་ཧུའེ་ཡིས་འབྲུ་མཛོད་ཤོང་ཚད་རྒྱ་སྐྱེད་བཏང་ནས་ཞིང་པའི་འབྲུ་རིགས་བཙོང་བའི་དཀའ་ངལ་བསལ།
  • དོ་སྣང་ཆེ་བའི་རྩོམ།