དཀར་མཛེས་རྫོང་གིས་ཁང་ཕྱིའི་འགྲེམ་བརྡ་ཚད་ལྡན་ཅན་བཟོ་པའི་ཆེད་དོན་ལས་གཞི་སྤེལ།

ཡེ་ཤེས་ཕན་བདེ།        2015-09-14

དཀར་མཛེས་རྫོང་གིས་ཁང་ཕྱིའི་འགྲེམ་བརྡ་བྱང་བུ་དང་མཚོན་རྟགས་མཚོན་བྱང་འགེལ་བའི་དོ་དམ་བྱེད་ཤུགས་ཆེ་རུ་གཏང་ཆེད། ཟླ་བ2ཀྱི་དུས་རིམ་ནང་དུ་རྫོང་གི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་དང་རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་དུ་བཙུགས་ཡོད་པའི་འགྲེམ་བརྡ་དང་སྤྱི་སྤྱོད་རླངས་འཁོར་གྱི་ལམ་བྱང་། ཡུལ་སྐོར་དང་འབྲེལ་བའི་མཚོན་རྟགས་མཚོན་བྱང་སོགས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་དང་བརྗེ་ལེན་གསར་འཛུགས་བྱས་པ་རེད།
 རྒྱལ་སྲུང་གཞུང་ལམ317པབརྒྱུད་ཡུལ་གྱི་ཕྱི་རོལ་འགྲེམ་བརྡ་བྱང་བུ་ཆེ་གྲས25དང་ལྕགས་སྒྲོམ་ཅན་གྱི་འགྲེམ་བརྡ་བྱང་བུ19 རྫོང་གྲོང་དང་གྲོང་ཤང་གི་སྤྱི་སྤྱོད་རླངས་འཁོར་གྱི་ལམ་བྱང120 རྒྱལ་སྲུང་གཞུང་ལམ317པའི་ལམ་སྟོན་རྟགས་བྱང24 གྲོང་ཤང་གི་མཚོན་རྟགས་བྱང་བུ56ཡུལ་སྐོར་མཚོན་རྟགས་བྱང་བུ14བཅས་ཚད་མི་འདྲ་བར་རུལ་བ་དང་ཚོས་མདོག་ལོག་པ། ཚད་གཞི་གཅིག་གྱུར་མིན་པ། ལྷག་པར་དུ་གྲོང་ཤང་གི་མཚོན་རྟགས་བྱང་བུ་ཆེ་ཆུང་མི་འདྲ་བ་དང་། ནང་དོན་ཚད་ལྡན་མིན་པའི་གནས་ཚུལ་ཡོད་པ་རེད།
 ཤེས་རྟོགས་བྱུང་བར་ལྟར་ན། ད་བར་དུ་རྫོང་དེས་ཕྱི་རོལ་འགྲེམ་བརྡ་བྱང་བུ་ཆེ་གྲས3བརྗེ་ལེན་བྱས་ཤིང2གསར་འཛུགས་བྱས་ཡོད། ལྕགས་སྒྲོམ་ཅན་གྱི་འགྲེམ་བརྡ་བྱང་བུ12བརྗེ་ལེན་བྱས་ཤིང1གསར་འཛུགས་བྱས་ཡོད། གྱང་ངོས་ཀྱི་དྲིལ་བསྒྲགས་སྦྱར་ཡིག17གསར་དུ་བཟོས་པ་དང་འགྲེམ་བརྡ་བྱང་བུ4མར་བླངས་ཡོད། ཕྱིན་ཆད་ཕྱི་རོལ་འགྲེམ་བརྡ་བརྗེ་ལེན་དང་གསར་འཛུགས་ལས་ཀ་མུ་མཐུད་དེ་སྤེལ་རྒྱུ་རེད།།
  • ལེ་ཚན་སྔོན་མ།:བེ་ཤ་ཚོང་བྲིན་པ་གློག་དྲྭའི་དྲིན།
  • ལེ་ཚན་རྗེས་མ།:ཀྲུང་གོ་བོད་ཀྱི་རིག་གནས་བརྗེ་རེས་ཚོགས་པས་ཨུ་རུ་སི་དང་མོང་གོལ་རྒྱལ་ཁབ་ལ་འཚམས་འདྲི་བྱས།
  • དོ་སྣང་ཆེ་བའི་རྩོམ།