བེ་ཤ་ཚོང་བྲིན་པ་གློག་དྲྭའི་དྲིན།

དངོས་གྲུབ་སྒྲོལ་མས་བསྒྱུར།        2015-09-14

ཟླ་བ8པའི་ཚེས19ཉིན་གྱི་ཆུ་ཚོད9ཡས་མས་སུ་ཉག་ཆུ་རྫོང་གི་བེ་ཤ་ཁྲོམ་རའི་ཚོང་པ་ཚོ་བྲེལ་བ་ལང་བཞིན་འདུག བཟོ་པ་ཚོས་བྲེལ་འཚུབ་ངང་བེ་ཤ་སོས་པ་གཙང་འཁྲུད་རྒྱག་པ་དང་ལེབ་གཏུབ་བྱས་ཏེ་སྲོ་སྐམ་འཕྲུལ་འཁོར་ནང་དུ་འཇུག་བཞིན་མཆིས། ཆུ་ཚོད8འགོར་རྗེས། བེ་ཤ་སོས་སྐམ་ཚུར་བླངས་ནས་ཐུམ་བརྒྱབ་སྟེ་རྒྱལ་ཁབ་ཕྱི་ནང་དུ་ཚོང་བྲིན་པ་རེད། ཉིན་དེའི་སྔ་དྲོར། རྒྱལ་ཁབ་གློག་དྲྭ་ཉག་ཆུ་རྫོང་གློག་འདོན་སྤྱི་གཉེར་ཁང་གི་ལས་བཟོ་མི་སྣས་བོད་རྒྱ་ཡིག་རིགས་གཉིས་ཀྱི་གློག་ཉེན་མེད་སྤྱོད་སྟངས་ཀྱི་དྲིལ་བསྒྲགས་ཡིག་རིགས་ཁྱེར་ནས་བེ་ཤ་ཁྲོམ་རར་ཕྱིན་ཏེ་གློག་སྤྱོད་ཀྱི་མངོན་མེད་ཉེན་ཁ་ལ་ཞིབ་བཤེར་བྱས་པར་ཚོང་པ་ཚོའི་དགའ་བསུ་ཐོབ་པ་རེད།
 ལོ་རྟག་པའི་ཟླ་བ7པ་ནས་ཟླ་བ8པའི་བར་ནི་བེ་ཤ་འཐུ་བ་དང་ལས་སྣོན་བྱེད་པའི་དུས་ཚིགས་རེད། ཚོང་དཔོན་ཅང་ཁྲེང་ཀུའེ་ཡིས་ན་ནིང་ཟླ་བ6པར་མ་དངུལ་སྒོར་སྟོང8བྱིན་ནས་དམར་ཕྱི་འོད་ནུས་ཀྱི་སྲོ་སྐམ་འཕྲུལ་ཆས་ཤིག་ཉོས་ཏེ་ཟླ་བ2ཀྱི་རིང་ལ་དངུལ་སྒོར་ཁྲི5རག་ཡོད་ཅེས་བཤད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཉག་ཆུ་རྫོང་གི་མངའ་ཁོངས་སུ་ཆ་སྙོམས་མཚོ་འཕགས་སྨི3500ལྷག་ཡིན་ཞིང་། ས་ཁད་ཆེས་མཐོ་སར་མཚོ་འཕགས་སྨི5300ལྷག་ཙམ་ཡོད་ཅིང་། ཉི་འོད་འདང་ངེས་ཡོད་པ།ཆུ་རྒྱུན་མང་བར་བརྟེན།ཉག་ཆུ་རྫོང་གི་བེ་ཤའི་སྤུས་ཀ་གཞན་ལས་ཁྱད་དུ་འཕགས་པས་སྙན་གྲགས་འཛམ་གླིང་ཡོངས་སུ་ཁྱབ། 2013ལོའི་ཟླ་བ8པའི་ཚེས3ཉིན། ཀྲུང་གོའི་བཟའ་བྱའི་ཤ་མོ་མཐུན་ཚོགས་ཀྱིས་ཀྲུང་གོའི་བེ་ཤའི་ཐོན་ཡུལ་ཞེས་མཚན་སྙན་གནང་བ་རེད།
 ཅང་ཁྲེང་ཀུའེ་ཡིས་ཉག་ཆུ་རྫོང་ལ་འགྲིམ་འགྲུལ་ཆ་རྐྱེན་གྱིས་ཚོད་འཛིན་ཐེབས་པས་ཉག་ཆུ་རྫོང་གི་བེ་ཤ་ཕྱིར་འཚོང་བྱས་པར་ཤུགས་རྐྱེན་ཐེབས་པ་རེད།བེ་ཤ་སོས་པ་ཉར་ཚགས་བྱེད་པའི་དུས་ཡུན་ཆེས་རིང་ཤོས་ནི་ཉིན3ལས་མེད་ཅིང་།གལ་ཏེ་འཚོང་ལམ་ཡག་པོ་ཞིག་མེད་ན། བེ་ཤ་ཕྱིར་འཚོང་བྱས་པར་རིན་གོང་ཡག་པོ་མི་རག་པར་བརྟེན།ཚོང་པ་མང་པོས་སྲོ་སྐམ་འཕྲུལ་ཆས་ཉོས་པ་དང་། ཁ་ཤས་ཀྱིས་འཁྱགས་མཛོད་ཁང་ཡང་བསྐྲུན་ཡོད། འདང་ཞིང་བརྟན་ལ་ཉེན་ཁ་མེད་པའི་གློག་ཤུགས་ཀྱི་ཞབས་ཞུའི་འགན་སྲུང་དང་དྲྭ་ཐོག་གི་ཚོང་གཉེར་བྱེད་ཐབས་ཡོད་ན་ད་གཟོད་བེ་ཤ་བཙོང་རྒྱུར་སེམས་ཁྲལ་བྱ་མི་དགོས་པ་རེད་ཅེས་བཤད།།
  • ལེ་ཚན་སྔོན་མ།:རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ཁང་ཕྱིའི་འགྲེམ་བརྡ་ཚད་ལྡན་ཅན་བཟོ་པའི་ཆེད་དོན་ལས་གཞི་སྤེལ།
  • དོ་སྣང་ཆེ་བའི་རྩོམ།