ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱིས་སྔར་ལས་ལྷག་པར་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་ཡུན་ནན་བསྐྲུན་རྒྱུའི་དམིགས་འབེན་དང་བྱེད་ཐབས་གསལ་པོར་བཏོན་ཡོད་ཅིང་། ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་འགོ་ཁྲིད་ཚོ་ཆུང་བཙུགས་ཡོད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས2009ལོ་ནས་བཟུང་། ལོ་རེ་རེར་བཀོད་སྒྲིག་བྱས་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཡས་ཀྱི་མ་དངུལ་དེ་དུས་མཉམ་ལས་བརྒྱ་ཆ10འཕར། མིག་སྔར། ཡུན་ནན་ཞིང་ཆེན་གྱིས་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་དཔེ་སྟོན་སྡེ་ཁུལ10དང་། རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཀྱི་ཤང་དང་གྲོང་རྡལ85 ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་རྫོང་དང་གྲོང་ཁྱེར8 ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་གྲོང་རྡལ328 ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་གྱི་གྲོང་སྡེ9བཅས་བསྐྲུན་ཡོད།