ལྷ་ས་ནས་ཉིང་ཁྲི་བར་གྱི་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་མགོ་བཙུགས།

བདེ་སྐྱིད་ཀྱིས་བསྒྱུར།        2015-07-28

 ཟླ་བ6པའི་ཚེས28ཉིན། ལྷ་ས་ནས་ཉིང་ཁྲི་བར་གྱི་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་བཙུགས་པ་རེད། ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ1629ཡོད་ཅིང་། ད་ལོའི་ཟླ་བ5པར་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་སྐྲུན་འགོ་བཙུགས་པས་ལྷ་ས་ནས་ཉིང་ཁྲི་བར་གྱི་ཁྲོན་བོད་ལྕགས་ལམ་ལས་ཟླ་བ་གཅིག་སྔར་སྣུར་བྱུང་ཡོད།
 རྒྱལ་ཁབ་ལྕགས་ལམ་གྱི་དུས་ཡུན་འབྲིང་རིང་གི་འཆར་འགོད་ལ་གཞིགས་ན། ཁྲོན་བོད་ལྕགས་ལམ་དེ་ཁྲེང་ཏུའུ་ནས་འགོ་བཙུགས་ཤིང་ཕུའུ་ཅང་དང་གཡག་རྔ་བརྒྱུད་ཅིང་རང་ཁུལ་གྱི་དར་མདོ་དང་ལི་ཐང་། འབའ་ཐང་བཅས་བརྒྱུད་དེ་འབྲི་ཆུ་བརྒལ་ནས་བོད་རང་སྐྱོང་ལྗོངས་ཀྱི་མཛོ་སྒང་དུ་ཡུན་ནན་ནས་བོད་ལྗོངས་ཀྱི་ལྕགས་ལམ་དང་སྦྲེལ་མཐུད་བྱུང་རྗེས་བོད་ལྗོངས་ཀྱི་དཔའ་ཤོད་དང་རི་བོ་ཆེ། སྤོ་མེས། ཉིང་ཁྲི། སྨན་གླིང་། སྣང་རྫོང་། གོང་དཀར་རྫོང་བཅས་བརྒྱུད་ནས་ལྷ་སར་འབྱོར་ཞིང་ཀྲུང་གོའི་ལྷོ་ནུབ་ས་ཁུལ་གྱི་ཤར་ནུབ་སྦྲེལ་བའི་བརྒྱུད་ལམ་ཞིག་ཆགས་པ་རེད།
 ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་དེ་ལམ་དུམ་ཆེན་པོ་གསུམ་ལས་གྲུབ་པ་སྟེ་གཅིག་ནི་ཁྲེང་ཏུའུ་ནས་དར་མདོ་བར་དང་། གཉིས་ནི་དར་མདོ་ནས་ཉིང་ཁྲི་བར། གསུམ་ནི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་རེད།།
  • ལེ་ཚན་སྔོན་མ།:ཉི་ནུས་ལ་བརྟེན་ནས་བོད་ལྗོངས་ཀྱིས་མི་ཁྲི60ལྷག་གི་གློག་སྤྱོད་པའི་གནད་དོན་ཐག་གཅོད་བྱས།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་མཐོ་སྒང་མཛེས་སྡུག་ཞང་སྡེ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར8.45བཏང་།
  • དོ་སྣང་ཆེ་བའི་རྩོམ།