པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2021-06-30

   ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི《རྒྱང་སྐྱོད་རླབས་པོ་ཆེ》ཞེས་པའི་རིག་རྩལ་འཁྲབ་སྟོན་ཆེན་པོ་དེ་ཚེས་28ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བྱས་པ་རེད།


པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།


ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣས་གཟིགས་མོ་བ་ཁྲི2ཙམ་དང་ལྷན་དུ་འཁྲབ་སྟོན་ལ་གཟིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་རླབས་པོ་ཆེར་ཕྱིར་དྲན་ཞུས་ཤིང་། ཐུན་མོང་ཐོག་ཏང་རླབས་པོ་ཆེས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱང་སྐྱོད་གསར་པའི་ཕྱོགས་སུ་མདུན་དུ་སྐྱོད་པ་དང་དུས་རབས་གསར་པར་འབད་འབུངས་བྱེད་པར་སྨོན་འདུན་ཞུས་པ་རེད།


པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།


   ཆུ་ཚོད19དང་སྐར་མ57ལ། རོལ་དབྱངས་སྤྲོ་སྣང་ལྡན་པའི་ཁྲོད། ཞི་ཅིན་ཕིང་སོགས་མགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་ནས། ཚང་མར་ཕྱག་གཡུག་གནང་སྟེ་གུས་འདུད་ཞུས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱིས་ཁེངས།

   འཁྲབ་སྟོན་དེ་ལོ་རྒྱུས་དངོས་མཚོན་རྣམ་པའི་ཐོག་ནས་བསྟན་པ་དང་། དེ་ཡང་ལེའུ་ཁག་བཞི་ལ་བགོས་ཡོད་ཅིང་། སྒྱུ་རྩལ་གྱི་ཐབས་ལམ་སྣ་ཚོགས་གཅིག་བསྡུས་ཐོག་སྤྱད་དེ། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་རིང་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་གསར་བརྗེ་དང་། འཛུགས་སྐྲུན།བཅོས་བསྒྱུར་བཅས་ཀྱི་པར་རིས་བརྗིད་ཆགས་ཆེ་བ་ཞིག་གསོན་ཉམས་དོད་པོས་མངོན་པར་བྱས་ཤིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མགོ་འཁྲིད་སྟོབས་ལྡན་འོག། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསླེབས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་གསར་དུ་མགོ་འཕང་མཐོ་ཞིང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྤྲོ་སེམས་ཆེན་པོས་བསྟོད་གླུ་ཕུལ་བ་རེད།


པེ་ཅིང་དུ་རིག་རྩལ་འཁྲབ་སྟོན་ཆེན་པོས་ཏང་གི་འཁྲུངས་སྐར་བསུ།


   ལེའུ་དང་པོ《མེ་འོབས་ཁྲོད་དུ་མདུན་སྐྱོད་བྱེད》ཅེས་པས་གསར་བརྗེ་ཆེན་མོ་དང་རྒྱང་སྐྱོད་ལམ་བུ། ལྗར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་བཅས་སུ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་ནས་དམག་འཐབ་དྲག་པོ་བྱས་ཤིང་ངལ་བརྒྱའི་ཁྲོད་དུ་རྒྱལ་ཁ་བླངས་པའི་བརྒྱུད་རིམ་རླབས་པོ་ཆེ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

   ལེའུ་གཉིས་པ《དྲག་ཆར་རླུང་འཚུབ་ལ་མི་འཛེམས》ཞེས་པར་ཞབས་བྲོ《རྒྱལ་སྟོན་མཛད་སྒོ》ནས་འགོ་བརྩམས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལོ་རབས་ལ་ཕྱིར་དྲན་ཞུས་ཡོད།

 

   ལེའུ་གསུམ་པ《དཔའ་ངར་ཆེན་པོས་མདུན་དུ་སྐྱོད》ཅེས་པས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པ་དང་བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས་རང་བཞིན་གྱི་དྲིས་ལན་བཏབ་ཡོད་པའི་ཚུལ་མངོན་པ་སྟེ། གྲུབ་འབྲས་རླབས་པོ་ཆེ་མཚོན་ཡོད།

   ལེའུ་བཞི་པ《མདུན་ལམ་བཟང་པོ》ཞེས་པས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཐབ་རྩོད་རླབས་པོ་ཆེ་དང་། ལས་གྲྭ་རླབས་པོ་ཆེ། བྱ་གཞག་རླབས་པོ་ཆེ། ཕུགས་འདུན་རླབས་པོ་ཆེ་བཅས་ལ་གཅིག་འདོམས་གནང་སྟེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་ཕྱིན་དྲན་བྱས་ཡོད།

   མཇུག་ཏུ《སྣེ་ཁྲིད་པ》ཞེས་པའི་གཙོ་དོན་རོལ་དབྱངས་ཁྲོད་དུ་རིག་རྩལ་འཁྲབ་སྟོན་གྱི་མཇུག་འགྲིལ་ཞིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་ཐུན་མོང་ཐོག《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་གཞས་སྐད་གསང་མཐོན་པོས་བླངས་པ་དང་ཚོགས་ར་རུ་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་སོ།།

  • ལེ་ཚན་སྔོན་མ།:མིའི་ཚེ་ཐག་ལོ150བར་སླེབས་སྲིད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཏང་ཡོན་གཅིག་དང་གཞི་རིམ་ཏང་རྩ་འཛུགས་གཅིག་ལ་རྒྱལ་ཡོངས་ཀྱི“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག”གི་གཟེངས་བསྟོད་ཐོབ།
  • དོ་སྣང་ཆེ་བའི་རྩོམ།