བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-04-29

བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག

       བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ནས་ཀྱི་རྒྱལ་ཁབ་ཚད་གཞི་དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོའི་ཟླ་བ་3པར། ནས་ཀྱི་རྒྱལ་ཁབ་ཚད་གཞིའི་རྣམ་གྲངས་ལ་ཆོག་མཆན་ཐོབ་པ་དང་། 2021ལོའི་ཟླ་བ་3ཚེས་9ཉིན་ཁྱབ་བསྒྲགས་ཀྱི་ཆོག་མཆན་ཐོབ་ཅིང་། 2021ལོའི་ཟླ་བ་10ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག

       ནས་ནི་བོད་རིགས་མང་ཚོགས་ཀྱི་ཟ་འབྲུ་གཙོ་བོ་ཞིག་ཡིན་པའི་ངོས་ནས། ནས་ཀྱི་སྤུས་ཚད་དང་འབོད་ཚད་ཀྱི་བདེ་འཇགས་འགན་ལེན་བྱ་རྒྱུ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་དང་། ཤང་གྲོང་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་། ལྷག་པར་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་བཅས་ལ་འཐབ་ཇུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།

བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག

       ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་ཚད་གཞི་དེ་ནི་བོད་ལྗོངས་ཀྱིས་འབྲུ་རིགས་འགྲོ་རྒྱུགས་ཁྱབ་ཁོངས་སུ་འཆར་ཟིན་གཙོ་སྐྱོང་བྱས་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་དེ་ཡིན་པ་རེད། ཚད་གཞི་གསར་པ་ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། ཚད་གཞིའི་ཚད་ལོན་མ་ལག་གི་བཏོན་པའི་དམིགས་ཚད་ལས་ནས་ཀྱི་འགྲོ་རྒྱུགས་ཁྱབ་ཁོངས་ཀྱི་ལྟ་སྐུལ་ཐད་འགྱུར་བ་འགྲོ་རྒྱུ་མ་ཟད་བླང་བྱའང་གསར་པ་འདོན་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་སྔར་བས་ལེགས་སུ་བཏང་།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་བརྡ་འདི་འདྲ་ཞིག་བཏང་འདུག
  • དོ་སྣང་ཆེ་བའི་རྩོམ།