སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་བརྡ་འདི་འདྲ་ཞིག་བཏང་འདུག

        2021-04-29

རྩོམ་བསྡུའི་བརྡ་ཐོ།


སློབ་གྲྭ་ཕྱི་ནང་གི་བོད་ཡིག་སློབ་གྲྭ་བ་ཡོངས་ལ་ཞུ་བྱ།


     ད་ལོའི་ཏང་འཛུགས་ལོ་བརྒྱའི་དུས་དྲན་དང་སློབ་འཛུགས་བཞི་བཅུའི་དུས་དྲན་ལ། རང་རེའི་སློབ་གྲྭའི་དུས་དེབ《གངས་རིའི་རང་གདངས》ཀྱི་དམིགས་བསལ་ཆེད་དེབ་ཅིག་འདོན་འཆར་ཡིན་པས། སློབ་གྲྭ་ཕྱི་ནང་ན་བཞུགས་པའི་བོད་ཡིག་སློབ་གྲྭ་བ་ཡོངས་ཀྱིས་དུས་དྲན་འདིར་ཆེད་གཏད་ཀྱི་ལྗགས་རྩོམ་རེ་མཛད་རྒྱུའི་རེ་ཡོད། ཡིག་རིགས་དང་རྩོམ་རྣམ་སོགས་ལ་ཚད་བཟུང་མེད་པར། གཙོ་བོ་སྤྱི་ཟླ༦པའི་ཟླ་མགོ་ཚུན་ལ་པར་ཐུབ་དགོས་པས། དུས་ཚོད་སྤྱི་ཟླ༥པའི་ཚེས༡༠ཚུན་ལ་ང་ཚོའི་སར་འཕྲོད་ཐབས་གནང་བར་བཀའ་དྲིན་ཆེ་ཞུ་ཞུ།

བོད་རིག་པ་ཞིབ་འཇུག་ཁང་།

སྤྱི་ལོ༢༠༢༡ལོའི་ཟླ་བ༤པའི་ཚེས༢༨ཉིན།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་བརྡ་འདི་འདྲ་ཞིག་བཏང་འདུག

  • ལེ་ཚན་སྔོན་མ།:བོད་ཀྱི་ནས་ལ་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་འདུག
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་པ།
  • དོ་སྣང་ཆེ་བའི་རྩོམ།