ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2021-03-11
སྤྱི་ཟླ་3ཚེས་8ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཏང་ཙུའུ་ཡི་ཧྲུའུ་ཅི། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་ལུའུ་ཏུང་ཕུའུ་ཡིས། ད་ལོའི་སྤྱི་ཟླ་7ཚེས་1ཉིན་གོང་། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་སྒུལ་ཤུགས་གཉིས་ལྡན་མེ་འཁོར་བོད་ལྗོངས་ལྷ་སར་བཏང་སྟེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་31ལ་ཁྱོན་ཡོངས་ནས་ཁྱབ་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།
རང་བརྟེན་ཞིབ་བཟོ་བྱས་པའི་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་སྒུལ་ཤུགས་གཉིས་ལྡན་མེ་འཁོར་ལ་ཤུགས་ཚད་ཆེ་བའི་ནང་འབར་དང་། གློག་ཤུགས་སྒུལ་ཤུགས་མ་ལག་གཅིག་སྡུད་བེད་སྤྱོད་བྱས་ཡོད་ཅིང་། ས་བབ་མཐོ་བ་དང་། ནུབ་རྒྱུད་རི་ཁུལ། ཕུག་ལམ་མང་བ་སོགས་རྙོག་འཛིང་ཆེ་བའི་འཁོར་སྐྱོད་ཁོར་ཡུག་དང་འཚམ་ཐུབ་པ་དང་། དེའི་ནང་ལག་རྩལ་མང་པོ་ཞིག་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་། ལག་རྩལ་ཁག་གཅིག་གིས་ད་དུང་འཛམ་གླིང་ལྕགས་ལམ་ལག་རྩལ་གྱི་སྟོང་ཆ་བསྐངས་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10