ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-03-11

     འབྱུང་འགྱུར་ལོ་ལྔའི་ནང་། ཁྱེད་ཀྱི་འཚོ་བར་འགྱུར་ལྡོག་ཅི་ཞིག་འབྱུང་སྲིད། ཟླ་3པའི་ཚེས་8ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་རྩ་གནད་འཆར་ཟིན་གྱི་འབྲེལ་ཡོད་ནང་དོན་ངོ་སྤྲོད་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད།

     ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རྩ་གནད་འཆར་ཟིན་གྱི་དམིགས་ཚད་གཙོ་བོ་20ཡི་ནང་གི་དམིགས་ཚད་7ནི་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པ་དང་། དེས་དམིགས་ཚད་ཧྲིལ་པོའི་གསུམ་ཆ་གཅིག་ལྷག་ཟིན་ཡོད་པ་དང་། དེའི་བསྡུར་ཚད་ནི་ལོ་ལྔ་ཚན་གྱི་འཆར་འགོད་རིམ་བྱུང་ཁྲོད་མཐོ་ཤོས་ཡིན། དམིགས་ཚད་དེ་དག་ལས་ཞུགས་དང་། ཡོང་འབབ། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་ཁྱབ་ཁོངས་ལ་ཁེབས་ཡོད།

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

ཐེམ་ཐོའི་ཚོད་འཛིན།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཙུའུ་ཚའེ་ཡིས་བསྟན་དོན། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་60%ནས་70%བར་ཟིན་རྒྱུ་རེད།

     ཕྱོགས་གཅིག་ནས་ཐེམ་ཐོ་གནས་སྤོར་གྱི་ཆ་རྐྱེན་མུ་མཐུད་དུ་ཇེ་དམའ་རུ་བཏང་ནས་སྤོ་འདོད་ཡོད་པ་ཚང་མ་སྤོ་ཐུབ་པ་བྱེད་རྒྱུ་ཡིན། གྲོང་ཁྱེར་ཆེན་པོ་ཁག་གཅིག་ཕུད་གྲོང་ཁྱེར་དུ་ཐེམ་ཐོ་སྤོ་བའི་ཚོད་འཛིན་ལྷུག་ཏུ་གཏོང་བ་དང་། རྒྱུན་དུ་གནས་སྡོད་བྱེད་སར་ཐེམ་ཐོ་ཐོ་འགོད་བྱེད་པའི་ལམ་ལུགས་ཚོད་ལྟ་བྱས་ནས་ཞིང་པ་གྲོང་ཁྱེར་དུ་ལས་ཞུགས་དང་གནས་སྡོད་བརྟན་འཇགས་ཡིན་པའི་ཞིང་པའི་ཐེམ་ཐོ་གོ་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་དུ་གཞིས་ཆགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ།

  • གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ས་ཡ་3མན་ཡིན་པའི་གྲོང་ཁྱེར་དུ་ཁྱོན་ཡོངས་ནས་ཐོམ་ཐོའི་ཚོད་འཛིན་མེད་པར་བཟོས་ནས། ས་ཁུལ་གཞན་དང་ས་ཁུལ་རང་གི་ཞིང་ལས་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་དུ་ཐོམ་ཐོ་སྤོ་བར་ཚད་གཞི་གཅིག་འཛིན་པ།

  • གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ས་ཡ་3ནས་ས་ཡ་5བར་ཡོད་པའི་གྲོང་ཁྱེར་ཆེན་པོར་ཐེམ་ཐོ་སྤོ་བའི་ཆ་རྐྱེན་གྱི་ཚད་བཀག་ཁྱོན་ཡོངས་ནས་ལྷུག་ཏུ་གཏོང་བ།

  • གྲོང་ཁུལ་གྱི་རྒྱུན་སྡོད་མི་འབོར་ས་ཡ་5ཡན་ཟིན་པའི་གྲོང་ཁྱེར་ཆེས་ཆེ་བས་སྐར་གསོག་ཐེམ་སྒྱུར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། སྐར་གསོག་རྣམ་གྲངས་ཁུ་བསྡུ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་འཇལ་སྤྲོད་བྱེད་པའི་ལོ་ཚད་དང་གནས་སྡོད་ལོ་ཚད་ཀྱི་སྐར་གྲངས་ཀྱིས་བསྡུར་ཚད་ཀྱི་གཙོ་བོ་ཟིན་པར་འགན་ལེན་བྱས་ནས། ཆ་རྐྱེན་ཡོད་པའི་གྲོང་ཁྱེར་གྱིས་ལོ་འཁོར་གྱི་ཐེམ་སྒྱུར་མི་གྲངས་ཀྱི་ཚད་བཀག་མེད་པ་བཟོ་བར་སྐུལ་མ་གཏོང་རྒྱུ།

     ཕྱོགས་གཞན་ཞིག་ནས་རྒྱུན་སྡོད་མི་འབོར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་སྐུལ་འདེད་བཏང་ནས་ཕྱོགས་རིས་མེད་པ་དང་གང་དགོས་ཅི་ཡོད་ཡོང་བ་བྱེད་རྒྱུ།

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

ལས་ཞུགས་དང་ཡོང་འབབ་སྐོར།

  • ལས་ཞུགས་ཀྱི་འབོར་ཚད་ཇེ་ཆེར་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དམག་ཞབས་ཐིམ་པའི་དམག་མི་སོགས་ཀྱིས་གཙོ་བྱས་པའི་ཚོགས་སྤྱིའི་ལས་ཞུགས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་དང་ལས་ཞུགས་ཐུབ་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་སོགས་དཀའ་ངལ་ཅན་དག་ལ་ལས་ཞུགས་བྱེད་པར་རོགས་རམ་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ལས་ཤོར་ཚད་གཞི་5.5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ།

  • ཚེ་གང་ལག་རྩལ་གསོ་སྦྱོང་གི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། མུ་མཐུད་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཞི་ཁྱོན་རྒྱ་ཆེར་གཏོང་རྒྱུ།

  • ཡོང་འབབ་དམའ་བའི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ཡོང་འབབ་འབྲིང་གྲས་ཀྱི་མི་ཚོགས་མང་དུ་གཏོང་རྒྱུ།

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

སློབ་གསོ།

  • སློབ་གསོའི་རྨང་གཞི་ཞན་པའི་རྫོང་དང་། མི་མང་པོ་འདུས་ས། གྲོང་གསེབ་ས་ཁུལ་བཅས་ཀྱི་སློབ་གཉེར་ཆ་རྐྱེན་མུ་མཐུད་ཇེ་ལེགས་སུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་4000གསར་སྐྲུན་དང་རྒྱས་སྐྲུན་བྱས་ཏེ། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ།

  • སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཞན་ཆ་གང་མགྱོགས་གསབ་སྟེ། བུ་བཅོལ་ཁང་ཁྲི་2གསར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གི་སློབ་གནས་ས་ཡ4ལྷག་ཇེ་མང་དུ་གཏོང་བ། སློབ་ལོ་མ་ལོན་གོང་གི་སློབ་གསོའི་ཚུད་དགོས་པའི་བུ་ཕྲུག་བུ་བཅོལ་ཁང་དུ་ཞུགས་ཚད་90%ཙམ་དུ་སླེབས་པ་བྱེད་རྒྱུ། 

  • མཐོ་རིམ་སློབ་འབྲིང་གི་སློབ་གསོ་ཁྱབ་གདལ་གྱི་ཚད་དང་དེའི་ཆུ་ཚད་སྲ་བརྟན་དང་ཇེ་མཐོར་གཏོང་བ་དང་། མཐོ་རིམ་སློབ་འབྲིང་གི་སློབ་གསོའི་ནང་ཚུད་དགོས་ངེས་ཀྱི་སློབ་མ་སློབ་ཞུགས་བྱེད་ཚད་92%ཡན་ཟིན་པ་བྱེད་དགོས། ཆུ་ཚད་མཐོ་བའི་ལས་རིགས་ལག་རྩལ་སློབ་གླིང་དང་། དངོས་སྦྱོང་རྟེན་གཞི། ཆེད་ལས་སོགས་ཁག་གཅིག་འཛུགས་སྐྱོང་བྱ་རྒྱུ།

  • སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་སོགས་རིགས་དབྱེ་ནས་འཛུགས་སྐྲུན་བྱེད་པ་དང་། དབུས་ནུབ་ཁུལ་དུ་དངོས་གཞིའི་མཐོ་སློབ་100འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ། མཐོ་རིམ་སློབ་གསོའི་ནང་ཞུགས་དགོས་ངེས་ཀྱི་སློབ་མ་སློབ་ཞུགས་བྱེད་ཚད་60%ཟིན་པ་བྱ་རྒྱུ།

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

སྨན་བཅོས།

  • གཞུང་བཙུགས་སྨན་ཁང་གིས་གཙོ་བྱས་པའི་སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྫོང་རིམ་པའི་སྨན་ཁང་གི་གཙོ་བྱས་པའི་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། 

  • སྨན་དོན་མི་སྣ་གསོ་སྐྱོང་གི་སྤུས་ཚད་ཇེ་མཐོ་དང་གཞི་ཁྱོན་ཇེ་ཆེར་བཏང་ནས། མི་ཆིག་སྟོང་རེ་ལ་ལས་གཉེར་བྱེད་མཁན་སྨན་པ་3.2རེ་ཡོད་པ་བྱེད་པ་དང་། ཐོ་འགོད་བྱས་པའི་སྨན་ཞབས་ཀྱི་གྲངས་འབོར་3.8དུ་སླེབས་པ་བྱེད་པ།

  • དམངས་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནད་གཞི་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་ཆ་གཞན་དུ་སྨན་བཅོས་མཇུག་བསྡོམས་རྩིས་རྒྱག་གི་སྲིད་ཇུས་དོན་འཁྱོལ་བྱེད་པ། སྨན་རྫས་དང་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཐོག་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།  

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

སྤྱི་ཚོགས་འགན་སྲུང་།

     རང་རྒྱལ་དུ་འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་ཟིན་པ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་སྔར་ཡོད་ཀྱི་རྨང་གཞིའི་ཐོག་སྤྱི་ཚོགས་འགན་སྲུང་གི་མ་ལག་རབ་དང་རིམ་པ་བཙུགས་ཏེ་རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གི་མ་ལག་འཐུས་ཚང་དུ་གཏོང་རྒྱུ།

  • གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་95%བར་མཐོ་རུ་གཏོང་རྒྱུ་དང་། གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་ཐུབ་པ་བྱེད་པ། 

  • ལས་ཤོར་དང་ལས་རྨས་འགན་བཅོལ་དག་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ། སྟབས་བསྟུན་ལས་ཞུགས་མི་སྣ་འགན་བཅོལ་དུ་ཞུགས་པའི་ཆ་རྐྱེན་ལྷུག་ཏུ་གཏོང་བ། སྤྱི་ཚོགས་འགན་བཅོལ་ཁྲིམས་གཏན་འཁེལ་བའི་མི་ཚོགས་ལ་ཁེབས་པ་བྱས་ནས། འགན་བཅོལ་བྱེད་དགོས་རིགས་ལ་འགན་བཅོལ་ཐུབ་པ་བྱེད་དགོས།

  • གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་རིམ་བཞིན་ཇེ་མཐོར་བཏང་སྟེ། སྤྱི་ཚོགས་འགན་སྲུང་གི་སྤོ་སྒྱུར་རྒྱུན་མཐུད་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་དཀའ་ངལ་ཅན་གྱི་མི་ཚོགས་ལ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་མཐའ་སྐྱོང་འགན་ལེན་བྱེད་པར་ཤུགས་སྣོན་བརྒྱབ་ནས་གཞན་ཕན་བྱ་གཞག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ།

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

རྒན་གསོ་དང་བྱིས་སྐྱོང་།

     རྒན་གཅིག་ཆུང་གཅིག་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།

  • ཁྱིམ་སྡོད་སྡེ་ཁུལ་གྱི་ལས་ཁུངས་སམ་སྡེ་ཚན་ཕན་ཚུན་མཐུན་སྦྱོར་དང་། སྨན་བཅོས་བདེ་སྐྱོང་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་པ་དང་། སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་གཏོང་བ། སྤྱི་པའི་སྒྲིག་བཀོད་རྒན་རྒོན་ལ་འཚམ་མཐུན་ཡོང་བར་སྐུལ་འདེད་གཏོང་བ། བྱ་ཐབས་སྣ་ཚོགས་སྤྱད་དེ་རྒན་གསོའི་ལས་ཁུངས་སམ་སྡེ་ཚན་དུ་ཉལ་ཁྲི་ཇེ་མང་དུ་གཏོང་བ། ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ། བདག་སྐྱོང་ལ་དམིགས་པའི་ཉལ་ཁྲིའི་བསྡུར་ཚད་ཀྱིས་55%ཟིན་པ་བྱ་དགོས།

  • ཀུན་ཕན་བཅོལ་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་བཏང་སྟེ། མི་འབོར་སྟོང་ཕྲག་གཅིག་རེར་ལོ་3མན་གྱི་ཕྲུ་གུ་དམར་འབྱར་དང་བྱིས་པའི་བཅོལ་གནས་མིག་སྔའི་1.8ནས་4.5བར་ཇེ་མང་དུ་གཏོང་རྒྱུ་དང་། ཁེ་ལས་དང་བྱ་གཞག་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་སོགས་ཀྱིས་ཀུན་ཕན་བཅོལ་གསོའི་ཞབས་ཞུ་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱེད་པ་བཅས་སོ། །

ཁྱེད་དང་འབྲེལ་ཡོད་ཀྱི་གསར་འགྱུར་གལ་ཆེན་འགའ་ཞིག

  • ལེ་ཚན་སྔོན་མ།:ཨུ་ཡོན་རྡོ་རྗེ་རབ་བརྟན་གྱིས་བཏོན་པའི་གྲོས་འགོ
  • ལེ་ཚན་རྗེས་མ།:བསྐྱར་དར་རྟགས་ཅན་མེ་འཁོར་ད་ལོ་བོད་ལྗོངས་སུ་གཏོང་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།