ལོ་ཁྲི4700ཡི་སྔོན་གྱི་མཚོ་བོད་མཐོ་སྒང་ཚ་ཁུལ་ཕལ་བའི་ནགས་ཚལ་གྱིས་ཁེབས་མྱོང་བ་ཤེས།

ཡེ་མིང་གིས་བསྒྱུར།        2020-12-14

ཞིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། རང་རྒྱལ་གྱི་གནའ་བོའི་སྐྱེ་དངོས་རིག་པ་མཁས་ཅན་གྱིས་ཞིབ་འཇུག་བྱས་པར་བརྒྱུད། ལོ་ངོ་ཁྲི4700ཡི་གོང་གི་མཚོ་བོད་མཐོ་སྒང་ཚ་ཁུལ་ཕལ་བའི་ནགས་ཚལ་གྱིས་ཁེབས་ཀྱིས་མྱོང་བ་ཤེས་པ་རེད། གྲུབ་འབྲས་དེ་པེ་ཅིང་གི་དུས་ཚོད་སྤྱི་ཟླ12པའི་ཚེས8ཉིན་རྒྱལ་སྤྱིའི་དུས་དེབ《ཨ་རིའི་ཚན་རིག་ཁང་གི་དུས་དེབ》ཐོག་སྤེལ་བ་རེད།

རང་རྒྱལ་གྱི“མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་ཐེངས་གཉིས་པ”སྤེལ་མགོ་བཙུགས་པ་ནས་བཟུང་། ཀྲུང་གོ་ཚན་རིག་ཁང་ཞི་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་གླིང་དང་། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་ལས་གྲུབ་པའི་ཚོགས་པས་ས་བབ་མཐོ་ཚད་སྨི5000ཙམ་ཡོད་པའི་མཚོ་བོད་མཐོ་སྒང་དཔལ་མགོན་གཤོངས་ས་ནས་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ་འབོར་ཆེན་རྙེད་པ་རེད།

དཔྱད་རྩོམ་གྱི་རྩོམ་པ་པོ་དང་པོ། ཀྲུང་གོ་ཚན་རིག་ཁང་ཞི་ཧྲོང་པན་ན་ཚ་ཁུལ་རྩི་ཤིང་གླིང་གི་ཞིབ་འཇུག་པ་སུའུ་ཐའོ་ཡིས“འགྱུར་རྡོ་དང་དཔེ་དབྱིབས་ཟུང་འབྲེལ་བྱས་ནས། ང་ཚོས་ལོ་ངོ་ཁྲི4700ཡི་གོང་གི་གནའ་བོའི་གནམ་གཤིས་དང་གནའ་བོའི་ས་བབ་བསྐྱར་སྐྲུན་བྱས་པ་ཡིན། མཇུག་འབྲས་ལས། སྐབས་དེར་མཚོ་བོད་མཐོ་སྒང་དཀྱིལ་རྒྱུད་ས་ཁུལ་མཚོ་འཕགས་སྨི1500ཙམ་ལས་མེད་པ་དང་། ཤར་ནུབ་ཕྱོགས་སུ་སྐྱོད་པའི་ལྟེ་བའི་ལུང་ཤུར་དུ་དྲོད་འཇམ་དང་བཞའ་ཚན་ཆེ་བའི་དུས་རླུང་གི་གནམ་གཤིས་ཡོད་པ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ19ལ་ཟིན་གྱི་ཡོད་པ་ར་སྤྲོད་བྱུང་ཡོད། དེ་གར་ནགས་ཚལ་སྟུག་པོ་དང་རྩྭ་ཆུ་འཛོམས་པོ་ཡོད་པས་གནའ་སྔ་མོའི་དུས་ཀྱི‘སེམས་ཀྱི་ཉི་ཟླ’ཞེས་བརྗོད་ཆོག”ཅེས་བཀོད་ཡོད་པ་རེད།

དེ་མིན། ཚན་རིག་ཞིབ་འཇུག་མི་སྣས་ད་དུང་དཔལ་མགོན་གཤོངས་ས་ནས་རྩི་ཤིང་གི་འགྱུར་རྡོ་རིགས70ལྷག་རྙེད་པར་མ་ཟད། རིགས་མང་ཆེ་ཤོས་ཀྱི་ཉེ་འབྲེལ་རིགས་ད་ལྟའི་ཚ་ཁུལ་ཕལ་བ་དང་། ཐ་ན་ཚ་ཁུལ་དུ་ཁྱབ་ཡོད། “དེས་ད་ཆ་གྲང་ངར་ཆེ་བའི་མཚོ་བོད་མཐོ་སྒང་གི་དཀྱིལ་རྒྱུད་དུ་ལོ་ཁྲི4700ཡི་གོང་སྟུག་ཅིང་རྒྱ་ཆེ་བའི་ཚ་ཁུལ་ཕལ་བའི་ནགས་ཚལ་ཁེབས་ཡོད་པ་གསལ་བཤད་ཐུབ་ཀྱི་ཡོད”ཅེས་བཤད་པ་རེད།

དཔྱད་རྩོམ་ཀྱི་འཕྲིན་གཏོང་རྩོམ་པ་པོ། ཀྲུང་གོ་ཚན་རིག་ཁང་ཞི་ཧྲོང་པན་ན་ཚ་ཁུལ་སྐྱེ་དངོས་གླིང་གི་ཞིབ་འཇུག་པ་ཀྲོའུ་ཀྲེ་ཁུན་གྱིས། གྲུབ་འབྲས་དེས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིམ་འགྱུར་ལོ་རྒྱུས་དང་ས་དབྱིབས་དང་ས་ངོ་མཉམ་དུ་རིམ་འགྱུར་བྱེད་པའི་བརྒྱུད་རིམ་ལ་དཔང་རྟགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ རོགས་སྐྱོབ་ལྟེ་གནས་སུ་བསྐྱོད་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་འདམ་ར་གཉིས་ཞིང་རིམ་པའི་གནད་ཆེའི་འདམ་རར་ཚུད།
  • དོ་སྣང་ཆེ་བའི་རྩོམ།