ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ རོགས་སྐྱོབ་ལྟེ་གནས་སུ་བསྐྱོད་པ།

        2020-12-14

ཨ་ཆེན་གངས་རྒྱབ་ཀྱི་རི་སྐྱེས་སྲོག་ཆགས་ རོགས་སྐྱོབ་ལྟེ་གནས་སུ་བསྐྱོད་པ།

པར་འདི་ནི་ཨ་ཆེན་གངས་རྒྱབ་ཀྱི་སྐོར་སྐྱོད་རུ་མི་ཏེང་ཧའེ་ཕིང་གིས་གཙོད་ཕྲུག་ལ་འོ་མ་སྟེར་བཞིན་ཡོད་པའི་ཚུལ་རེད།

མཚོ་བོད་མཐོ་སྒང་གི་དཀྱིལ་རྒྱུད་དུ་གནས་པའི་འཛམ་གླིང་རང་བྱུང་ཤུལ་བཞག་ཁུལ་ཨ་ཆེན་གངས་རྒྱབ་ཀྱི་ཆ་སྙོམས་མཚོ་འཕགས་སྨི4600ལས་བརྒལ་བ་དང་། རི་སྐྱེས་སྲོག་ཆགས་རིགས་མང་པོ་ཡོད་པས་སྲོག་ཆགས་ཀྱི་ཞིང་ཁམས་ཞེས་མཚན་སྙན་ཡོད་པ་རེད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། 2000ལོར་ཨ་ཆེན་གངས་རྒྱབ་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚུགས་ཀྱིས་རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་བཙུགས་པ་རེད། རི་སྐྱེས་སྲོག་ཆགས་རོགས་སྐྱོབ་ལྟེ་གནས་འཁོར་སྐྱོད་བྱས་པ་ནས་བཟུང་སྔ་རྗེས་སུ་གཙོད་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས300ལྷག་ཙམ་བསྐྱབས་པ་རེད། མིག་སྔར། གཙོད13དང་། རྟ་རྒན2 ལུག་ནག1 དགོ་བ1བཅས་རོགས་སྐྱོབ་ལྟེ་གནས་སུ་འཚོ་བ་རོལ་གྱི་ཡོད་པ་དང་། དེ་དག་གི་བདེ་ཐང་སླར་གསོ་བྱུང་བ་དང་ཚེ་ཐར་གྱི་ཆ་རྐྱེན་དང་མཐུན་པའི་སྐབས་སུ་ཡང་བསྐྱར་རི་ཐོག་ལ་གཏང་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།: བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ ཁང་སྨི་གྲུ་བཞི་མ41.5ལ་ཟིན།
  • ལེ་ཚན་རྗེས་མ།:ལོ་ཁྲི4700ཡི་སྔོན་གྱི་མཚོ་བོད་མཐོ་སྒང་ཚ་ཁུལ་ཕལ་བའི་ནགས་ཚལ་གྱིས་ཁེབས་མྱོང་བ་ཤེས།
  • དོ་སྣང་ཆེ་བའི་རྩོམ།