ཡེ་ཤེས་ཀྱིས་བསྒྱུར། 2020-12-14
ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ12ཚེས8ཉིན་འབྱོར་བའི་གཏམ་གསར། དགུན་སྟོད་དུ་བོད་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི120ལྷག་ཙམ་ཡོད་པའི་ས་ཆའི་ཐོག་བསྐྱོད་དུས་བོད་ཁང་ནི་ལམ་འགྲམ་གྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།
བོད་ལྗོངས་མངའ་རིས་ས་ཁུལ་དགེ་རྒྱས་རྫོང་ནས་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་གྱི་བདེ་ཁང་གསར་པར་སྤོས་པའི་གྲོང་མི་བསོད་སྐྱིད་ཀྱིས་སྔོན་ཆད་འབྲོག་ཁུལ་ཁྱིམ་དུ་བཞའ་ཚན་ཆེ་བ་དང་གྲང་ངར་ཆེ་བ། གྲོང་ཁྱེར་དུ་སྤོ་རྗེས་ཁང་བ་ཆེ་ལ་དྲོ་བ་དང་། གླ་རྒྱག་གི་ཡོང་འབབ་མཐོ་བ། འཚོ་བར་སྟབས་བདེ་བ། ང་གྲོང་ཁྱེར་དུ་འཚོ་བའི་ཚོར་སྣང་ལ་དགའ་པོ་ཡོད་ཞེས་བཤད་པ་རེད། ཁོ་ནི་འབྲོག་པ་རྐྱང་པ་ནས་གྲོང་ཁྱེར་པ་ཞིག་ཏུ་གྱུར་པར་མ་ཟད། ད་དུང་འཚེམ་བཟོའི་ལས་ཀ་ཞིག་ཀྱང་རྙེད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་བསོད་ནམས་ཉི་མས་ངོ་སྤྲོད་བྱས་པར་གཞིགས་ན། བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་ནས་བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་དང་མི་སྡོད་ཁོར་ཡུག་ལ་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་བྱུང་ཡོད། 2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་རྒྱུན་སྡོད་མི་འབོར་བསྡོམས་འབོར་ཁྲི350.56ལ་ཟིན་པ་དང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི110.57དང་གྲོང་གསེབ་ཀྱི་མི་འབོར་ཁྲི239.99ཡོད་པ། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ33.4ལ་ཟིན་པ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ཁང་རྒྱ་ཁྱོན་སྨི་གྲུ་བཞི་མ41.5ལ་ཟིན་ཡོད་པ་རེད།
གཞི་གྲངས་ལས་མཚོན་པ་ལྟར་ན། 2016ལོ་ནས2019ལོའི་བར། བོད་ལྗོངས་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར169.17བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭ་སྣ་ཚོགས་ཁྲི20.48འཛུགས་སྐྲུན་དང་སྒྱུར་བཀོད་བྱས་ཡོད། ཨར་ལས་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི1338ལ་ཟིན་ནས་སྡོད་ཁང་འགན་ལེན་ཁྱོན་ཡོངས་ལ་ཁྱབ་ཡོད། དུས་རབས་གསར་པའི་སྡོད་ཁང་ཁོར་ཡུག་སྲུང་སྐྱོང་དང་དྲོད་སྲུང་ཐུབ་པར་མ་ཟད། ད་དུང་ས་ཡོམ་འགོག་པའི་རང་བཞིན་ཡང་ལྡན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10