སི་ཁྲོན་གྱི་ཏོག་གསར་གློ་རིམས་སྐོར་གྱི་གནས་ཚུལ་གསར་པ།

        2020-12-10


    སྤྱི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད0ནས24ཡི་བར། སི་ཁྲོན་ལ་ཏོག་གསར་གློ་རིམས་ཀྱི་ནད་པ་གསར་པ་བྱུང་མི་འདུག  ནད་དྲག་ནས་སྨན་ཁང་ལས་ཕྱིར་བུད་མཁན3བྱུང་འདུག  ཉིན་དེར་ནད་པ་ཤི་མེད་ལ། དོགས་ཡོད་ནད་པ་གསར་པའང་བྱུང་མི་འདུག

    སྤྱི་ཟླ12པའི་ཚེས10ཉིན་གྱི་ཆུ་ཚོད0པའི་བར། ཞིང་ཆེན་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་རིམས་ཕོག་པར་གཏན་འཁེལ་བྱས་པའི་ནད་པ822(དེའི་ནང་རྒྱལ་ཁོངས་ཕྱི་ནས་ཡོང་བ275ཡོད)བྱུང་བ་དང་། ནད་དྲག་སྟེ་སྨན་ཁང་ལས་ཕྱིར་བུད་མཁན786དང་། ནད་པ3ཤི་ཡོད། མིག་སྔར་སྨན་ཁང་དུ་ལོགས་སུ་བཀར་ནས་སྨན་བཅོས་བྱས་པའི་ནད་པ33(ནད་ལྗིད་མོ1)ཡོད་པ་དང་། མི834ཡིས་ད་དུང་གསོ་རིག་གི་ལྟ་ཞིབ་དང་ལེན་བྱེད་བཞིན་ཡོད།

    སྤྱི་ཟླ12པའི་ཚེས9ཉིན་གྱི་ཆུ་ཚོད0ནས24ཡི་བར། ཞིང་ཆེན་ཡོངས་སུ་ནད་རྟགས་མེད་པའི་ནད་འགོས་མཁན་བྱུང་མི་འདུག  ད་དུང་གཅིག་སྡུད་ལོགས་སུ་བཀར་ནས་གསོ་རིག་ལྟ་ཞིབ་བྱེད་བཞིན་པའི་ནད་པ30(རྒྱལ་ཁོངས་ཕྱི་ནས་ཡོང་བའི་ནད་པ29དང་། ས་གནས་དེ་གའི་ནད་པ1)ཡོད་པ་རེད།

    ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཕི་ཐུང་ཁྲོམ་གཞུང་ཐའེ་ཕིང་གྲོང་ཚོ་དང་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་ཐིའོ་ཏེང་ཧོ་ཁྲོམ་གཞུང་ཐིའོ་ཏེང་ཧོ་སྡེ་ཁུལ་ཧྭ་ཏུའུ་ཡུན་ཅིང་ཐའེ་སྡོད་ཁུལ (འོག་རིམ་ཚོང་ཁང་ཚུད་པ)། ཁྲེང་ཏུའུ་གྲོང་ཁྱེར་ཕི་ཏུའུ་ཆུས་ཐང་ཁྲང་གྲོང་རྡལ་ཡུང་ཨན་གྲོང་ཚོའི་ཚོགས་ཆུང8པ་ནི་ཉེན་ཁ་འབྲིང་བའི་ས་ཁུལ་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱིས་ཁུལ་གཞན་དག་ཚང་མ་ཉེན་ཁ་ཆུང་བའི་ས་ཁུལ་ཡིན་པ་རེད།


སི་ཁྲོན་གྱི་གྲོང་ཁྱེར(ཁུལ)ཁག་ལ་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་དང་ནད་རྟགས་མེད་པའི་ནད་འགོས་པའི་ནད་པའི་གནས་ཚུལ་རེའུ་མིག

 (2020ལོའི་སྤྱི་ཟླ12པའི་ཚེས10ཉིན་གྱི་ཆུ་ཚོད0པའི་བར། ) 

སི་ཁྲོན་གྱི་ཏོག་གསར་གློ་རིམས་སྐོར་གྱི་གནས་ཚུལ་གསར་པ། 

བརྩེ་བའི་དྲན་སྐུལ།

    དོགས་ཟོན་རྒྱུན་འཁྱོངས་དང་འགོག་སྲུང་ལེགས་པོ་བྱེད་པ། ལག་པ་ཡང་ཡང་བཀྲུ་བ་དང་མི་མང་མཉམ་དུ་མི་འདུ་བ། ཚ་བ་རྒྱག་པ་དང་གློ་ལུ་བ་སོགས་མི་བདེ་བའི་ནད་རྟགས་ཡོད་ན་དུས་ཐོག་ཏུ་ཚ་རྒྱག་སྒོ་བསྟེན་སྨན་ཁང་དང་། ཏོག་གསར་གློ་རིམས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ལས་ཁུངས་སོགས་སུ་འགྲོ་ནས་ལྟ་ཞིབ་བྱ་དགོས།

  • ལེ་ཚན་སྔོན་མ།:ཟླ་བའི་ལྷ་མོ་ཨང་ལྔ་པའི་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་དེ་སྦྲེལ་མཐུད་སྡེབ་སྒྲིག་འཕྲུལ་ཆས་དང་ཕན་ཚུན་ཁ་གྱེས་པ།
  • ལེ་ཚན་རྗེས་མ།: བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་སྡོད་ ཁང་སྨི་གྲུ་བཞི་མ41.5ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།