རང་ཁུལ་གྱི་འདམ་ར་གཉིས་ཞིང་རིམ་པའི་གནད་ཆེའི་འདམ་རར་ཚུད།

        2020-12-15

  ཉེ་ཆར་དཀར་མཛེས་ཁུལ་གྱི་ས་གནས་གཉིས་ཀྱི་འདམ་ར་དེ་ཞིང་ཆེན་རིམ་པའི་འདམ་རར་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས།དེ་ནི་སེར་ཤུལ་རྫོང་གི་ཕུག་ཁུང་ཐང་དང་གསེར་རྟ་རྫོང་གི་ཉིའི་ན་ཐང་གཉིས་རེད།

     སེར་ཤུལ་རྫོང་གི་ཕུག་ཁུང་ཐང་གི་འདམ་རའི་སྤྱིའི་རིང་ཚད་ལ48kmཡོད། དེར་ཝ་དམར། ཝ་ནག། སྤྱང་ཀི། ཁྲུང་སྐེ་ནག་སོགས་རྒྱལ་ཁབ་རིམ་པའི་གཙོ་གནད་རི་སྐྱེས་སྲོག་ཆགས་མང་པོ་འཚོ་སྡོད་བྱས་ཡོད།

     གསེར་རྟ་རྫོང་གི་ཉིའི་ན་ཐང་འདམ་རའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང41100ཡོད། ཉིའི་ན་ཐང་ནི་ཆུ་རྩྭ་གཉིས་འཛོམས་ཤིག་ཡིན་ལ།རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། མཐོ་སྒང་སྐྱེ་དངོས་མ་ལག་བཟང་ཞིང་ཁོར་ཡུག་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན།རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་འཚོ་སྡོད་ཁུལ་གྱི་ཡ་གྱལ་ཞིག་ཡིན།མཐོ་སྒང་དུ་དཀོན་པའི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་གྲས་ཀྱི་གསའ་སོགས་ཡོད། རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆག་འཕར་བ་དང་དྲེད་མོང་་།ཐང་རྒོད། ནགས་ཞི། གཡུ་སོགས་ཡོད། ཝ་དམར། ཝ་ནག། སྤྱང་ཀི་སོགས་ཡོད་པའོ།།

གསར་འགོད་པ་ཟླ་བ་སྒྲོལ་མ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལོ་ཁྲི4700ཡི་སྔོན་གྱི་མཚོ་བོད་མཐོ་སྒང་ཚ་ཁུལ་ཕལ་བའི་ནགས་ཚལ་གྱིས་ཁེབས་མྱོང་བ་ཤེས།
  • ལེ་ཚན་རྗེས་མ།:སྒྲུང་ཐུང་འགྲན་སྡུར་སྐབས་བཞི་པ་སྤེལ་བའི་གསལ་བརྡ།
  • དོ་སྣང་ཆེ་བའི་རྩོམ།