ཧོང་ཀང་ལིའང་གས་ཚལ་གླིང་གའི་རི་ སྐྱེས་ཤྭ་བ3400 ཡི་ཐོག་འཕར་ སྣོན་བྱུང་།

ཟླ་བ་སྒྲོལ་མས་བསྒྱུར།        2020-12-09

ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེ་ནས་སྤྱི་ཟླ12པའི་ཚེས1ཉིན་འབྱོར་བའི་གློག་འཕྲིན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་དོན།ཧོང་ཀང་ལིའང་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་གའི་ནང་ལོ་བཅུ་སྔོན་གྱི་རི་སྐྱེས་ཤྭ་བ1000ཙམ་ཡོད་པ་ནས་མིག་སྔར3400ལྷག་གི་ཐོག་འཕར་ཡོད་པ་རེད།

དགུན་ཁ་ཤར་བ་ནས་བཟུང་།ཏ་ཞིན་ཨན་ལིན་ལྷོ་སྣེ་དང་ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཁེ་ཧྲི་ཁེ་ཐུའེ་ཆིས་ཀྱི་མངའ་ཁོངས་སུ་ཆགས་པའི་ཧོང་ཀང་ལིའང་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་གའི་ནང་ག་སར་གར་རི་སྐྱེས་ཤྭ་བའི་རྐང་རྗེས་མཐོང་རྒྱུ་ཡོད་པ་རེད།ཉེ་བའི་ལོ་འདི་དག་གི་རིང་ལ་ས་གནས་དེ་གའི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱ་རྒྱུའི་ཐད་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བའི་དུས་མཚུངས་སུ། ནགས་ཁུལ་གྱི་ཡུལ་མི་ཚོ་ལ་རི་སྐྱེས་སྲོག་ཆགས་གཅེས་སྐྱོང་བྱ་དགོས་པའི་དྲིལ་བསྒྲགས་དང་སློབ་གསོ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་རི་སྐྱེས་སྲོག་ཆགས་གཅེས་སྐྱོང་བྱེད་པའི་རྣམ་པ་ཡག་པོ་ཞིག་ཆགས་པ་རེད།

ཧོང་ཀང་ལིའང་ནགས་རའི་མགོ་འཛིན་པ་ཁྲེན་ཝུན་མིང་གིས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་དང་མིའི་ཐབས་ཀྱིས་སྲུང་སྐྱོང་བྱས་པ་དང་བསྟུན་ནས་ཧོང་ཀང་ལིའང་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་གའི་ནང་གི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཀ་རྒྱུན་མཐུད་དུ་འཕར་སྣོན་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།

1996ལོར་འཛུགས་སྐྱོང་བྱས་པའི་ཧོང་ཀང་ལིའང་རྒྱལ་ཁབ་རིམ་པའི་ནགས་ཚལ་གླིང་གའི་རང་བྱུང་མཛེས་ལྗོངས་ཕུན་སུམ་ཚོགས་པོ་ཡིན་པ་རེད། དེ་གར་རྩྭ་ཐང་དང་རི་ཀླུང་།ལུང་གཞུང་། མཚེའུ། ན་སྤང་། ནགས་ཚལ། བྱེ་ཐང་སོགས་ཀྱི་མཛེས་ལྗོངས་ཡོད་ལ། འཁྱག་གཞུང་ནགས་ཚལ་ཞེས་མཚན་སྙན་ཡོད་པའི་དུས་རབས་བཞི་པའི་འཁྱགས་ཀླུང་རྗེས་ཤུལ་མ་ཉམས་སོར་གནས་བྱས་ནས་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་མོ་བྱས།
  • དོ་སྣང་ཆེ་བའི་རྩོམ།