བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་མོ་བྱས།

        2020-12-09

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་མོ་བྱས།
པར་འདི་ནི་རྒྱལ་ཕམ་འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་སྲོལ་རྒྱུན་གྱི་གྱོན་ཆས་འགྲེམས་སྟོན་བྱེད་བཞིན་པ་རེད།

ཉེ་ཆར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ལས་ལམ་གསར་གཏོད་ལས་དོན་མགོ་ཁྲིད་ཚོགས་ཆུང་གིས་ལས་ལམ་གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བསྐྲུན་ཞིང་ལང་ཚོའི་ཉམས་འགྱུར་མངོན་པ་ཡིས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གཉིས་པའི་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་མོ་གཙོ་གཉེར་བྱས་པ་རེད། འགྲན་ཞུགས་རྣམ་གྲངས་ནང་བོད་ལུགས་གསོ་རིག་བོད་སྨན་དང་། རྒྱན་ཆ་ཇུས་འགོད། འཁེལ་འཐག་རིགས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་མཐོ་རིམ་སློབ་གྲྭའི་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ཞུགས་ཐབས་ལམ་ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་རེད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་མོ་བྱས།
 འཁྲབ་སྟོན་པས་བོད་ལྗོངས་ནག་ཆུའི་སྐབས་གཉིས་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་་མའི་ལས་ལམ་གསར་གཏོད་འགྲན་བསྡུར་ཆེན་པོའི་རྒྱལ་ཕམ་འགྲན་བསྡུ་ཐོག་འཁྲབ་སྟོན་བྱེད་བཞིན་པ།

  • ལེ་ཚན་སྔོན་མ།:ཧོང་ཀང་ལིའང་གས་ཚལ་གླིང་གའི་རི་ སྐྱེས་ཤྭ་བ3400 ཡི་ཐོག་འཕར་ སྣོན་བྱུང་།
  • ལེ་ཚན་རྗེས་མ།:ཟླ་བའི་ལྷ་མོ་ཨང་ལྔ་པའི་འཚོལ་ཞིབ་ཐིག་ལེན་འཕྲུལ་ཆས་དེ་སྦྲེལ་མཐུད་སྡེབ་སྒྲིག་འཕྲུལ་ཆས་དང་ཕན་ཚུན་ཁ་གྱེས་པ།
  • དོ་སྣང་ཆེ་བའི་རྩོམ།