ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

བདེ་སྐྱིད་བཅས་ཀྱིས་བསྒྱུར།        2020-12-08

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་།

    ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གཏོང་བྱས་པ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།  《སི་ཁྲོན་ཞིང་ཆེན་ཏང་ཨུས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་།2035ལོའི་རྒྱང་རིང་ཕུགིས་ཡུན་དམིགས་འབེནཡུལ་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གྲོས་མགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་།


    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྤྱི་བསྒྲགས།

    ﹙2020ལོའི་སྤྱི་ཟླ12པའི་ཚེས4ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་གྲོས་འཆམས་བྱུང་།﹚ 

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དེ2020ལོའི་སྤྱི་ཟླ12པའི་ཚེས3ནས་ཚེས4ཉིན་གྱི་བར་ཁྲེང་ཏུའུ་རུ་འཚོགས་པ་རེད།

    ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྱི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན88དང་རྗེས་སྣོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན4ཡོད་པ་རེད། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་གྱི་བློ་མཐུན་དང་ཆེད་རམས་པ་ཁག་ཅིག་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་དེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་བ་རེད།

ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས།

སྤྱི་ཟླ12པའི་ཚེས3ནས་ཚེས4ཉིན་གྱི་བར་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་ཁྲེང་ཏུའུ་རུ་འཚོགས།


    ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི་ལས་དོན་སྙན་ཞུ་ལ་ཉན་འཇོག་བྱས་ནས་གྲོས་བསྡུར་བྱས་པ།《སི་ཁྲོན་ཞིང་ཆེན་ཏང་ཨུས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་། 2035ལོའི་ཕུགས་ཡུན་དམིགས་ཡུལ་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གྲོས་མགོ》ལ་གྲོས་ཞིབ་བྱས་ནས་གྲོས་འཆམས་བྱུང་བ་རེད། ཕེང་ཆིང་ཧྭ་ཡིས《གྲོས་མགོ﹙གྲོས་བསྡུར་མ་ཟིན﹚》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་རང་རྒྱལ་གྱི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཁྱོན་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གི་གལ་ཆེའི་གསུང་བཤད་ནི་ཤུགས་དྲག་ཆེན་པོ་དང་ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་། གསར་གཏོད་རང་བཞིན་གྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ། བླང་བྱ་གསར་པ་མང་པོ་བཏོན་ཡོད་པར་བརྟེན། སྤུས་ཀ་ཡག་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་རྒྱལ་ཁ་གསར་པ་བརྩོན་ལེན་བྱེད་པར་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་དང་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམས་བྱུང་བའི《སི་ཁྲོན་ཞིང་ཆེན་ཏང་ཨུས་སི་ཁྲོན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དང་། 2035ལོའི་ཕུགས་ཡུན་དམིགས་ཡུལ་གཏན་འབེབས་བྱེད་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གྲོས་མགོ》ནང་ཕྱིན་ཆད་དུས་སྐབས་ཤིག་གི་རིང་ལ་རང་རྒྱལ་གྱི་གོང་དུ་སྤེལ་བའི་སློབ་སྟོན་བྱེད་ཕྱོགས་དང་དམིགས་ཡུལ་གཙོ་བོ། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་བཅས་གསལ་སྟོན་གཏིང་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཐབས་ལམ་གསར་པ་གཏོད་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཡུལ་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཐོག་གཅིག་གྱུར་བྱ་དགོས། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་ཐུབ་པར་འགན་ལེན་བྱ་དགོས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཚོགས་ཚུན་གྱི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀར་ཁས་ལེན་གང་ལེགས་བྱས་པ་རེད། ལོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་མཛད་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོགཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་རེད། དམིགས་བསལ་གྱི་བྱེད་ཐབས་ལ་བརྟེན་ནས་དམིགས་བསལ་གྱི་དུས་སྐབས་ལ་ཁ་གཏད་འཇལ་བ་དང་། དམིགས་བསལ་གྱི་སྟོབས་ཤུགས་ལ་བརྟེན་ནས་དམིགས་བསལ་གྱི་ལས་ཀར་སྐུལ་འདེད་གཏོང་བ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་བསྟར། ནུས་ཤུགས་ཡོད་རྒུས་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ།དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུའི་དམག་འཐབ་ལས་རྒྱལ་ཁ་ཕུ་ཐག་ཆོད་པ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་ཀྱི་དོན་ཆེན་བཞི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱས་ཡོད།རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་ཀར་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐད་བྱས་རྗེས་མང་པོ་འཇོག་པ་དང་བཟོ་ལས་ཀྱིས་འགན་གཙོ་བོ་འཁུར་བ། མ་དངུལ་གཏོང་འཇོག་གིས་གཙོ་ཁྲིད་བྱས་པ།འཛད་སྤྱོད་ཀྱིས་རིམ་པ་སྤར་བར་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་ཕྱོགས་བཏོན་པར་མ་ཟད་ལག་བསྟར་བྱ་དགོས་པ་རེད། “བརྟན་པོ་དྲུག”གི་ལས་ཀ་ལེགས་འགྲུབ་ཏན་ཏིག་དང“འགན་ལེན་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། དཔལ་འབྱོར་གྱི་གཞི་རྩ་བརྟན་སྲུང་དང་དཔལ་འབྱོར་སྤུས་ཀ་ཡག་པོའི་འཕེལ་རྒྱས་གཏོང་བར་བློ་བརྟན་འགྱུར་མེད་ཀྱིས་སྐུལ་འདེད་གཏང་དགོས་པ་དང་།བཅོས་བསྒྱུར་ཟབ་སྤེལ་ཁྱོན་ཡོངས་ནས་བྱེད་པར་སྐུལ་འདེད་གཏིང་ཟབ་གཏང་དགོས། རྒྱུན་མཐུད་དུ་ཤུགས་བརྒྱབ་ནས་ཕྱི་ཕྱོགས་ལ་སྒོ་རྒྱ་ཇེ་ཆེ་ཕྱེས་དགོས།མཛེས་སྡུག་ལྡན་པའི་སི་ཁྲོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ཇེ་མགྱོགས་གཏོང་བ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་བཅས་ཀྱི་ལས་ཀར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས།དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་གཏང་དགོས། ཉེན་མེད་ངང་འཕེལ་རྒྱས་གཏོང་བའི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་བྱ་གཞག་སོ་སོ་འཕེལ་རྒྱས་གསར་པ་དང་འཕེལ་རིམ་གལ་ཆེན་ཡོད་པ་བྱ་དགོས། 

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་རིམ་ནི་སི་ཁྲོན་གྱིས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལོན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་ལོ་ལྔ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་སི་ཁྲོན་དར་རྒྱས་དེ་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་པར་སྐུལ་འདེད་གཏོང་བའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ལོ་ལྔ་རེད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་སི་ཁྲོན་དུ་གཟིགས་ཞིབ་དང་མཛུབ་སྟོན་གནང་བར་ཕེབས་པས་མ་ཚད་སི་ཁྲོན་གྱི་ལས་དོན་ཐད་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ་སྐུ་ངོ་མས་ཇུས་འགོད་དང་། དངོས་སུ་བཀོད་སྒྲིག དངོས་སུ་ཁྲེན་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་དང་། དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱས་ལ་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཤིང་།ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་རིགས་སྒྱུར་འཕེལ་རྒྱས་དང་།གསར་གཏོད་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་བཏོད་ཡོད། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དེང་རབས་ཐོན་ལས་མ་ལག་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ། དཔལ་འབྱོར་སྤུས་ཀ་ཡག་པོའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་འཕེལ་རྒྱས་སྔར་ལས་མཐུན་འགྲིག་ཡོང་བར་བྱས་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པའི་མགོ་ཡག་པོ་བཙུགས་ཡོད། གཅིག་སྒྲུབ་སྐྱོར་མང་གི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་བཏང་ནས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་གཏིང་ཟབ་བཏང་བས་དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བར་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཞིང་། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ་དང་། ཁྱོན་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་ཚད་བརྒལ་ཆེན་པོ་བྱུང་ཡོད། དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་སྟེ“ཕྱོགས་བཞི་རྒྱ་སྐྱེད་དང་ས་ཁོངས་ཡོངས་སྒོ་དབྱེའི”རྣམ་པ་གསར་པ་མགྱོགས་མྱུར་དུ་ཆགས་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་གྲུབ་འབྲས་གལ་ཆེན་ཐོབ་པ་དང་དུས་བདེའི་སི་ཁྲོན་འཛུགས་སྐྱོང་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཞིང་།དམངས་འཚོ་དང་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་ཕྱིན་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་ཆབ་སྲིད་ཀྱི་དཔལ་ཡོན་དང་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད།ལོ་ལྔའི་རིང་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་སྟོབས་སྤེལ་བྱས་པས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་དམིགས་ཡུལ་དང་ལས་འགན་འགྲུབ་ལ་ཉེ་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་རྒྱལ་ཁ་ཐོབ་རེ་ཡོད་ཅིང་། སི་ཁྲོན་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་བསླེབས་ཡོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་སི་ཁྲོན་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་དབྱེ་ཞིབ་ཟབ་མོ་བྱས་ནས། ཕྱིན་ཆད་ཀྱི་ལོ་ལྔ་ནི་སི་ཁྲོན་གྱིས་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་དང་།ཁྲེང་ཏུའུ་ནས་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུ་སྐུལ་འདེད་གཏོང་བར་གྲུབ་འབྲས་ཐོབ་པའི་གནད་འགག་ཆེ་བའི་དུས་སྐབས་ཤིག་ཡིན་པར་བརྟེན། འཕེལ་རྒྱས་གཏོང་བར་ཕྱོགས་མང་པོའི་དགེ་མཚན་དང་ཆ་རྐྱེན་འཛོམས་ཡོད་པ་རེད། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་འབྲི་ཆུའི་དཔལ་འབྱོར་ས་ཁུལ་འཕེལ་རྒྱས་གཏོང་བ། དུས་རབས་གསར་པར་ནུབ་རྒྱུད་གསར་སྦོལ་ཆེན་པོའི་ལས་ཀར་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཆགས་ཅིང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཀ་ཡག་པོའི་འཕེལ་རྒྱས་གཏོང་བ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱེད་པ་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས་སི་ཁྲོན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྒུལ་ཤུགས་དེ་བས་སྟོབས་ཆེན་གྱུར་པ་དང་། རྒྱལ་དམངས་དཔལ་འབྱོར་ཐོགས་འགག་མེད་པར་འཁོར་སྐྱོད་བྱས་ཏེ་ས་ཁོངས་དཔལ་འབྱོར་ཆགས་ཚུལ་དང་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་སླར་ཡང་འཛུགས་སྐྱོང་ཇེ་མགྱོགས་སུ་བྱས་ཏེ་སི་ཁྲོན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་གནས་དང་དབང་ཆ་དེ་བས་མངོན་གསལ་ཡིན་ཞིང་། རྒྱལ་ཁབ་ཀྱིས་སྣེ་ཁྲིད་རང་བཞིན་གསར་གཏོད་དང་། ཚོང་ཁྲོམ་ཅན་དུ་བཅོས་བསྒྱུར། ལམ་ལུགས་ཅན་དུ་སྒོ་འབྱེད། ལྗོངས་མདོག་ཅན་དུ་སྤོ་བསྒྱུར་སོགས་བྱེད་པའི་སྲིད་ཇུས་གལ་ཆེན་འདུ་འཛོམ་རིམ་བརྩེགས་བྱས་ནས་སི་ཁྲོན་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དེ་བས་ནུས་ལྡན་ཡིན་པའི་དུས་མཚུངས་སུ། མདུན་སྐྱོད་ཀྱི་ལམ་བུར་ད་དུང་མངོན་གསལ་གྱི་གནད་དོན་དང་། མི་འདང་ས་དང་ཞན་ཆ། ཉེན་སྐྱོན་དང་འགྲན་སློང་མི་ཉུང་བ་ཞིག་འཕྲད་སྲིད་པས།འབྱུང་འགྱུར་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་སེམས་པ་སྤྱི་ཡོངས་གཉིས་ལ་འཆང་པ་དང་། རྩོད་སྒྲུབ་ཀྱི་ཐོག་ནས་འཕེལ་རྒྱས་གསར་པའི་དུས་རིམ་གྱི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་བལྟས་ནས།  སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་གི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱེད་པ་དང་ཉེན་སྐྱོན་ཁྲོད་གོ་སྐབས་སྐྱོང་བ་དང་འགྱུར་ལྡོག་ཁྲོད་རྣམ་པ་གསར་པ་འབྱེད་ཐུབ་པ་བྱ་དགོས། 

    ཚོང་འཛོམས་གྲོས་ཚོགས་ཐོག་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་ནི་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲིད་སྟོན་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོ་བསྒྲེངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་སྙིང་དོན་ལག་བསྟར་གཏིང་ཟབ་བྱས་ནས། མ་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ། ཏིང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་ཆེན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་ཀ་ལ་གནང་བའི་བཀའ་སློབ་གལ་ཆེན་རབ་དང་རིམ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱས་ཏེ། "གནས་ལྔ་གཞི་གཅིག"གི་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། "ཁྱོན་ཡོངས་བཞིའི"འཐབ་ཇུས་ཀྱི་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་བསྟར་བ་དང་། བརྟན་ཁྲོད་ཡར་རྒྱས་ཡོང་བའི་ལས་ཀའི་སྤྱི་ཡོངས་ཀྱི་ནང་དོན་སྙིང་པོ་རྒྱུན་འཁྱོངས་བྱས་ནས། སྤུས་ཀ་ཡག་པོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་རྒྱུས་བརྗོད་དོན་གཙོ་བོ་བྱེད་ཅིང་། མཁོ་སྤྲོད་ཀྱི་ཆགས་ཚུལ་རང་བཞིན་བཅོས་བསྒྱུར་ཟབ་སྤེལ་བྱ་རྒྱུ་ཡིས་གཙོ་བོ་བྱེད་པ་དང་། བཅོས་བསྒྱུར་གསར་གཏོད་ཀྱིས་རྩ་བའི་སྒུལ་ཤུགས་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཇེ་དྲག་ཏུ་འགྲོ་བཞིན་པའི་་འཚོ་བའི་དགོས་མཁོ་སྐོང་བ་དེ་རྩ་བའི་དམིགས་ཡུལ་བྱས་ནས།ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱི་དཔལ་འབྱོར་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། "གནད་གཅིག་ཕྱོགས་མང"དང"ས་ཁུལ་ལྔ་མཐུན་སྦྱོར""ཕྱོགས་བཞིར་རྒྱ་སྐྱེད་གཏོང་བ"ཁོངས་ཡོངས་སུ་སྒོ་འབྱེད་པ་བཅས་ཀྱི་འཐབ་ཇུས་ཀྱི་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ།མ་སྐུལ་དང་བླངས་ཀྱིས་རྒྱལ་ནང་གི་འཁོར་སྐྱོད་ཆེན་པོས་གྲུབ་ཆ་གཙོ་བོ་དང་། རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀ་འཁོར་སྐྱོད་དང་ཕན་ཚུན་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འཇུག་ཐུབ་པ་བྱེད་པ་དང་།གཅིག་གྱུར་འཕེལ་རྒྱས་དང་ཉེན་མེད་བདེ་འཇགས་ཡོང་བ་དང་། བཅོས་སྐྱོང་གི་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས་དཔལ་འབྱོར་ཡུན་རིང་བརྟན་པོ་ཡོང་བ་དང་སྤྱི་ཚོགས་བདེ་འཇགས་འཆམ་མཐུན་ཡོང་བར་བྱས་ནས།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱེད་པར་མགོ་ཡག་པོ་ཞིག་འཛུགས་དགོས་ཞེས་བཏོན་པ་རེད། 

    གྲོས་ཚོགས་ཐོག2035ལོར་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་ཐུབ་པར་དམིགས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་དམིགས་ཡུལ་གཙོ་བོ་བཏོན་ཡོད་པ་སྟེ།དཔལ་འབྱོར་གྱི་དངོས་ཤུགས་འབོར་ཆེན་འཕར་སྣོན་ཡོང་བ་དང་། ལོ་རེའི་དཔལ་འབྱོར་གྱི་མྱུར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བར་སྲུང་འཛིན་བྱེད་པ།དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཀ་དང་ཕན་འབྲས་མངོན་གསལ་དུ་མཐོ་རུ་ཕྱིན་པ། དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ། རྒྱུན་སྡོད་མི་འབོར་གྲོང་རྡལ་ཅན་དུ་འགྱུར་ཚད་རྒྱལ་ཡོངས་ལས་མཐོ་བ་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་འགྲོ་བ་དང་དམིགས་ཚད་མཐོ་བའི་ཚོང་རའི་མ་ལག་གཞི་རྩའི་ཐོག་བསྐྲུན་ཐུབ་པ།"ཕྱོགས་བཞིར་རྒྱལ་སྐྱེད་གཏོང་བ"དང"ཁོངས་ཡོངས་སུ་སྒོ་འབྱེད་པའི"རྣམ་པ་ཆགས་པར་བྱས་ཏེ་ཁྱོན་ཡོངས་ནས་སྒོ་འབྱེད་གནས་བབ་དེ་བས་སྲ་བརྟན་གཏང་དགོས།ཆུ་ཚད་དེ་བས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་གཞི་གསར་པ་གཞི་རྩའི་ཐོག་གྲུབ་པ།ཞིབ་འཇུག་གསར་སྦོལ་གྱི་གྲོན་དངུལ་འཇོག་ཤུགས་རྒྱལ་ཡོངས་ལས་མཐོ་བ། རྒྱལ་ཁབ་གསར་གཏོད་དང་འདེད་སྐུལ་འཕེལ་རྒྱས་སྔོན་དུ་གཏོང་ཐུབ་པའི་ཞིང་ཆེན་དུ་བསྐྲུན་ཐུབ་པ་དང་།  སྤྱི་ཚོགས་ཡ་རབས་ཚུལ་ལྡན་མུ་མཐུད་ནས་ཡར་ཐོན་ཡོང་བ་དང་།མི་དམངས་ཀྱི་བསམ་བློའི་ཀུད་སྤྱོད་ཀྱི་བྱང་ཚད་དང་ཚན་རིག་ཡོན་ཏན་གྱི་བྱང་ཚད། ལུས་སེམས་བདེ་ཐང་གི་བྱང་ཚད་མངོན་གསལ་དུ་ཇེ་དྲག་ཕྱིན་པ།སྤྱི་པའི་རིག་གནས་ཞབས་ཞུའི་བྱང་ཚད་མ་ལག་དང་རིག་གནས་ཐོན་ལས་ཀྱི་མ་ལག་དེ་བས་འཐུས་ཚང་ཡིན་པ།རིག་གནས་དང་ཡུལ་སྐོར་སྟོབས་ལྡན་གྱི་ཞིང་ཆེན་གཞི་རྩའི་ཐོག་བསྐྲུན་ཐུབ་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་དུ་ལེགས་བཅོས་དང་།ནུས་ཁུངས་དང་ཐོན་ཁུངས་བཀོད་སྒྲིག་དེ་བས་ལུགས་མཐུན་དང་བེད་སྤྱོད་གཏོང་བའི་ལས་ཆོད་མཐོར་རུ་ཕྱིན་པ། སྦགས་བཙོག་དངོས་པོ་གཙོ་བོ་ཕྱིར་འབུད་ཚད་བསྡོམས་འབོར་རྒྱུན་མཐུད་དུ་ཉུང་དུ་གཏོང་བ། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་ཡོལ་སྔ་བར་སྲ་བརྟན་གཏོང་བ།དམངས་འཚོའི་བདེ་སྐྱིད་མངོན་གསལ་དུ་ཇེ་དྲག་ཏུ་ཕྱིན་པ། སྤུས་ཚད་མཐོ་བའི་ལས་ཞུགས་དེ་བས་བྱེད་གང་ཐུབ་ཡོང་བ།གྲོང་ཁྱེར་དང་གྲོང་གསེབ་གཞིས་མི་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་འཕར་ཚད་རྒྱལ་ཡོངས་ལས་མཐོ་བ།གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་བའི་ཆུ་ཚད་མངོན་གསལ་མཐོ་རུ་ཕྱིན་པ། མི་དམངས་མང་ཚོགས་ཀྱིས་འཚོ་བ་གསར་པར་བཅངས་པའི་རེ་བ་དེ་བས་ཡག་པོ་སྐོང་ཐུབ་པ།བཅོས་སྐྱོང་གི་ཕན་ནུས་མངོན་གསལ་ཇེ་དྲག་ཏུ་ཕྱིན་པ། ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་གི་སི་ཁྲོན་དང་བདེ་འཇགས་ཀྱི་སི་ཁྲོན་འཛུགས་སྐྱོང་བྱ་རྒྱུ་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་བྱེད་པའི་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གསར་པ་ཐོབ་པ་བྱས་ནས།ཉེན་ཁ་ཚབས་ཆེན་འགོག་ཟོན་དང་མེད་པ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་མུ་མཐུད་ནས་འཐུས་སྒོ་ཚང་དུ་བཏང་སྟེ་འཕེལ་རྒྱས་དང་ཉེན་མེད་འགན་སྲུང་བྱེད་ནུས་དེ་བས་ཇེ་དྲག་ཏུ་ཕྱིན་ཐུབ་པ་བྱ་དགོས་ཞེས་བཏོན་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག2035ལོའི་ཕུགས་ཡུན་དམིགས་ཡུལ་བཏོན་པ་འདི་ནི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་དངོས་ཤུགས་ཆེས་ཆེར་མཐོར་འདེགས་བྱུང་ནས་དེང་རབས་ཐོན་ལས་ཀྱི་མ་ལག་འཛུགས་སྐྱོང་བྱས་ཏེ་དཔལ་འབྱོར་བསྡོམས་འབོར་དང་གྲོང་ཡུལ་གཞིས་མིའི་བཀོལ་སྤྱོད་གཏོང་ཆོག་པའི་ཡོང་འབབ་སྐས་རིམ་གསར་པའི་ཐོག་སླེབས་པ་རེད། ཚན་རིག་ལག་རྩལ་གྱི་དངོས་ཤུགས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ནས་ཚན་རིག་ལག་རྩལ་གསར་གཏོད་དེ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གཙོ་བོར་གྱུར་པ་དང་། ཚན་རིག་ལག་རྩལ་གྱི་ཞིང་ཆེན་སྟོབས་ལྡན་གཞི་རྩའི་ཐོག་གྲུབ་ཡོད་པ་རེད། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ནུས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱུང་ནས་ཁྲིམས་སྐྱོང་སི་ཁྲོན་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་གཞི་རྩའི་ཐོག་གྲུབ་པ་དང་བདེ་འཇགས་ཀྱི་སི་ཁྲོན་འཛུགས་སྐྱོང་བྱེད་པ་ཆུ་ཚད་དེ་བས་མཐོན་པོའི་ཐོག་སླེབས་ཡོད་པ་རེད།རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཡ་རབས་ཚུལ་ལྡན་བྱུང་ཚད་མཐོ་ཚད་གསར་པའི་ཐོག་སླེབས་ནས་སི་ཁྲོན་གྱི་རིག་གནས་ལ་གསོན་ཤུགས་གསར་པ་བྱུང་ཡོད་པ་རེད། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་གྱུར་བྱུང་ནས་འབྲི་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་ཀྱི་སྲུང་ཡོལ་དེ་བས་སྲ་བརྟན་གྱུར་ཏེ་མཛེས་པའི་སི་ཁྲོན་འཛུགས་སྐྱོང་བྱ་རྒྱུའི་དམིགས་ཡུལ་གཞི་རྩའི་ཐོག་མངོན་འགྱུར་བྱུང་ཡོད། འགྲིམ་འགྲུལ་གྱི་ཞིང་ཆེན་སྟོབས་ལྡན་གཞི་རྩའི་ཐོག་གྲུབ་ནས་ཆུ་ཚད་དེ་བས་མཐོན་པོས་རྒྱལ་སྤྱི་དང་ས་ཁོངས་དཔལ་འབྱོར་མཉམ་ལས་ནང་ཞུགས་ནས།ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ལེགས་ཆ་གསར་པ་མངོན་གསལ་ཇེ་དྲག་ཏུ་ཕྱིན་པ་རེད། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཆུ་ཚད་མངོན་གསལ་དུ་མཐོ་རུ་ཕྱིན་པ་དང་གཞི་རྩའི་སྤྱི་པའི་ཞབས་ཕྱི་དོ་མཉམ་ཅན་མངོན་འགྱུར་བྱུང་བ། མི་དམངས་ཀྱི་འཚོ་བ་དེ་བས་སྐྱིད་པོ་བྱུང་སྟེ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་མི་དམངས་ཡོངས་རྫོགས་ཐུན་མོང་ཐོག་ཕྱུག་པོར་ཆགས་པར་དེ་བས་མངོན་གསལ་དོད་ཅིང་དོན་དངོས་རང་བཞིན་གྱི་འཕེལ་རིམ་གསར་པ་བྱུང་ཡོད་དགོས་ཞེས་བཏོན་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་སི་ཁྲོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ན། ངེས་པར་དུ་ཏང་གིས་ཁྱོན་ཡོངས་ལ་མགོ་ཁྲིད་བྱ་རྒྱ་རྒྱུན་འཁྱོངས་དང་མི་རྩ་བ་འཛིན་རྒྱུ་རྒྱུན་འཁྱོངས།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས།བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་སྤེལ་རྒྱུ་རྒྱུན་འཁྱོངས།རྒྱུད་རིམ་གྱི་འདུ་ཤེས་རྒྱུན་འཁྱོངས་བཅས་བྱ་དགོས། གཙོ་གནད་ཁོང་དུ་ཆུད་རྒྱུའི་བླང་བྱ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྱོང་བྱ་རྒྱུ་དང་། འཕེལ་རྒྱས་གཏོང་བའི་ཆགས་ཚུལ་གསར་པའི་ནང་འབྲེལ་འདྲིས་ཟབ་མོ་བྱས་ཏེ་རྒྱལ་ཁབ་ཀྱི་གལ་ཆེའི་འཐབ་ཇུས་ཀྱི་གནས་ཚུལ་ཧྲིལ་པོར་མ་སྐུལ་དང་བླངས་ཀྱིས་ཞབས་ཕྱི་བསྒྲུབ་དགོས། འཕེལ་རྒྱས་དང་བཅོས་སྐྱོང་། དམངས་འཚོ་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་བཏང་ནས་ཉེན་མེད་ངང་འཕེལ་རྒྱས་གཏོང་བའི་མཐའ་སྣེ་ནན་སྲུང་བརྟན་པོ་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འབྲེལ་འདྲིས་ཧུར་ཐག་བྱས་ནས་རྒྱལ་ཡོངས་ཀྱི་སྤུས་ཀ་ཡག་པོའི་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་དང་སྒུལ་ཤུགས་ཀྱི་འབྱུང་ཁུངས་གསར་པ་གཏོད་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་འཐབ་ཇུས་ཀྱི་སྣེ་ཁྲིད་དུ་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་བྱེད་པའི་ཐབས་ལམ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་མཐོ་གནས་འཛུགས་སྐྱོང་བྱ་དགོས།ལེགས་ཆ་གསབ་རེས་དང་སྤུས་ཀ་ཡག་པའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་རྣམ་པ་མགྱོགས་མྱུར་ཆགས་པར་སྐུལ་འདེད་བཏང་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་དཔལ་འབྱོར་ལྟེ་གནས་ཀྱི་དགེ་མཚན་ལ་འདེགས་སྐྱོར་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཐོགས་མེད་འཁོར་སྐྱོད་ཐུབ་པའི་གཙོ་ཆེའི་ལྟེ་གནས་ནུས་པ་ཇེ་དྲག་ཏུ་གཏོང་བ།ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དང་སྣེ་ཁྲིད་ཀྱི་ནུས་པ་ཇེ་དྲག་ཏུ་གཏང་དགོས་པས་མ་ཚད“གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར”གྱི་འཐབ་ཇུས་བཀོད་སྒྲིག་ཟབ་སྤེལ་དང་རྒྱ་སྐྱེད་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན།ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དང་དཔལ་འབྱོར་གྱི་ཐེག་ནུས་མཐོ་རུ་བཏང་ནས་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་དཔལ་འབྱོར་ལྟེ་གནས་གལ་ཆེན་མགྱོགས་མྱུར་དུ་བསྐྲུན་དགོས། དེང་རབས་ཐོན་ལས་མ་ལག་སྲོག་ཤིང་དུ་བྱེད་པ་དང་། དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་གཞི་རྟེན་དུ་བྱེད་པ། དེང་རབས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འདེགས་སྐྱོར་དུ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་པ།བཟོ་ལས་ཅན་དང་ཆ་འཕྲིན་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་བཅས་རྣམ་པ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་ནས་ཐོན་ལས་མུ་འབྲེལ་མཁོ་སྤྲོད་འབྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་སྤུས་ཀའི་ཕན་འབྲས་དང་ལྟེ་བའི་འགྲན་སློང་བྱེད་ནུས་ཆེ་རུ་གཏང་དགོས། “5+1”དེང་རབས་ཀྱི་བཟོ་ལས་མ་ལག་འཐུས་ཚང་དུ་གཏོང་བ་དང“4+6”དེང་རབས་ཀྱི་ཞབས་ཞུའི་ལས་རིགས་མ་ལག་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། “10+3”དེང་རབས་ཀྱི་ཞིང་ལས་མ་ལག་གང་མགྱོགས་བཙུགས་ནས་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་གནས་གཏོད་པ་དང་། ཡུལ་གྲོང་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཡུལ་གྲོང་དར་སྤེལ་གཏང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱས་པའི་དེང་རབས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་མ་ལག་འཛུགས་སྐྱོང་བྱ་དགོས། འགྲིམ་འགྲུལ་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་སྐྱོང་ཇེ་མགྱོགས་བྱས་ནས་དེང་རབས་ཀྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ལྟེ་གནས་མགྱོགས་མྱུར་དུ་བསྐྲུན་དགོས།དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པའི་ཁྲོད་གསར་གཏོད་ཀྱི་སྲོག་ཤིང་གོ་གནས་ཆེ་རུ་གཏོང་བ་དང་། “ཁ་ཕྱོགས་བཞི”རྒྱུན་འཁྱོངས་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ།ཚན་རིག་དང་སློབ་གསོ་ལ་བརྟེན་ནས་སི་ཁྲོན་དར་རྒྱས་གཏོང་བ། ཤེས་ཡོན་མི་སྣར་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་སྔོན་སྤེལ་གྱི་ལེགས་ཆ་འདོན་སྤེལ་དེ་བས་མང་པོ་བྱེད་པའི་སྣེ་ཁྲིད་རྣམ་པའི་འཕེལ་རྒྱས་གཏང་དགོས། ནུས་པའི་རིམ་པ་མཐོ་བའི་གསར་གཏོད་ལས་སྟེགས་འཛུགས་པ། ཚད་གཞི་མཐོ་བའི་སྒོ་ནས་ནུབ་རྒྱུད(ཁྲེང་ཏུའུ)ཚན་རིག་གྲོང་ཁྱེར་འཆར་འགོད་འཛུགས་སྐྱོང་དང་། ཆུ་ཚད་མཐོ་བའི་སྒོ་ནས་ཀྲུང་གོ(མེན་དབྱང)ཚན་རྩལ་གྲོང་ཁྱེར་འཛུགས་སྐྱོང་བྱ་དགོས། གནད་འགག་ཆེ་ཞིང་སྲོག་ཤིང་དུ་གྱུར་པའི་ལག་རྩལ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་གྲུབ་ཆ་གཙོ་བོ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ།ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་ལེགས་བཅོས་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། གཏིང་རིམ་བཅོས་བསྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་བཅོས་བསྒྱུར་སྒོ་འབྱེད་ཀྱི་མཐོ་གནས་གསར་པ་མགྱོགས་མྱུར་དུ་བསྐྲུན་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ།གསར་སྐྲུན་ཅན་དང་སྣེ་ཁྲིད་ཅན། ཚོང་ར་ཅན་བཅས་སུ་འགྱུར་བའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་།“ཕྱོགས་བཞི་རྒྱ་སྐྱེད་དང་ས་ཁོངས་ཡོངས་སྒོ་འབྱེད”ཟབ་སྤེལ་བྱ་དགོས། བཅོས་བསྒྱུར་གལ་ཆེན་སྔོན་སྐྱོད་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་མདུན་གནས་གསར་པ་བཏོད་དེ་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ནང་འདྲེས་པར་སྒུལ་ཤུགས་དང་གསོན་ཤུགས་བསྣན་དགོས།དཔལ་འབྱོར་ཁྱབ་ཁོངས་ཀྱི་གཙོ་གནད་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱེད་དགོས། ཆུ་ཚད་མཐོ་བའི་ལམ་ལུགས་རྣམ་པའི་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་དུ་ལེགས་སུ་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། མཉམ་སྐྲུན་མཉམ་སྤྱོད་ཀྱི་ཆུ་ཚད་རྒྱུན་མཐུད་དུ་མཐོ་རུ་བཏང་ནས་སྤུས་ཀ་ཡག་པོའི་འཚོ་བ་རོལ་བར་འཚམ་པའི་གླིང་ཁུལ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས། འཕེལ་རྒྱས་གཏོང་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།མི་ཆོས་རིག་གནས་དང་སྟབས་བདེ་ཅན། དོ་མཉམ་ཅན། ལྗང་མདོག་ཅན་བཅས་ཀྱི་ཁྲིད་ཕྱོགས་འཛུགས་སྐྱོང་བྱེད་པ་དང་། སྤྱི་པའི་ཞབས་ཞུའི་ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་བཀོད་སྒྲིག་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས།རིག་གནས་སྔར་ལས་དར་རྒྱས་ཕུན་སུམ་ཚོགས་པ། འཚོ་བ་སྔར་ལས་འབྱོར་ཕྱུག་ལྡན་པ། ཞབས་ཞུ་སྔར་ལས་སྤུས་ལེགས་ཡིན་པ།ཁོར་ཡུག་སྔར་ལས་མཛེས་སྡུག་ལྡན་པ་བཅས་ཀྱི་འཚོ་སྡོད་ལ་འཚམ་པའི་ཁྱིམ་གཞིས་འཛུགས་སྐྱོང་གང་མགྱོགས་བྱ་དགོས།རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་དང་སློབ་གསོ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད།བདེ་ཐང་སི་ཁྲོན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པ། ལས་ཞུགས་དམིགས་བསལ་གྱིས་སྔོན་དུ་འཇོག་པ།སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། མི་འབོར་བགྲེས་སོང་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བ།མཛེས་སྡུག་ལྡན་པའི་སི་ཁྲོན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བཏོན་དོན། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་ཁྲིམས་སྐྱོང་སི་ཁྲོན་དང་དུས་བདེའི་སི་ཁྲོན་འཛུགས་སྐྱོང་བྱ་དགོས།སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་སྔོན་འགོག་གཙོ་བོར་འཛིན་པ།ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱ་དགོས། ཁྲིམས་སྐྱོང་གི་གཞི་རྩ་སྲ་བརྟན་དང་སྔོན་དཔག་བརྟན་པོ།ཕུགས་ཡུན་ལ་ཕན་པ་བཅས་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། རྨང་གཞི་ཇེ་བརྟན་དང་ནང་རྐྱེན་འཛུགས་པ།ནུས་པ་ཆེར་གཏོང་། བཅོས་སྐྱོང་ཤུགས་དྲག་བཅས་བྱེད་པར་ཤུགས་བརྒྱག་དགོས། དེང་རབས་ཅན་་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཀ་ཡག་པོའི་འཕེལ་རྒྱས་གཏོང་བར་འཚམ་པའི་སྤྱི་ཚོགས་བཅོས་སྐྱོང་དང་བདེ་འཇགས་འགན་སྲུང་མ་ལག་འཛུགས་དགོས།ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས།ཡུལ་གྲོང་གི་སྲིད་འཛིན་ཁུལ་དབྱེ་འབྱེད་དང་གྲོང་སྡེ་རིམ་པའི་སྒྲིག་གཞི་ལེགས་སྒྲིག་བསྒྱུར་བཅོས་ཀྱི“རྩོམ་མཇུག་ཕྱེད་ཙམ”གྱི་ལས་ཀ་ཡག་པོ་བསྒྲུབས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པས་མ་ཚད་འཕྲལ་བསྟུན་དོ་དམ་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།

    གྲོས་ཚོགས་ཐོག་ནན་གསུང་གནང་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་དང2035ལོའི་ཕུགས་ཡུན་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་ཁྲིད་སྟོན།ལས་ཀར་སྐུལ་འདེད་གཏང་དགོས། ཏང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིར་བྱ་དགོས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་གཙོ་ཁྲིད་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། ཤེས་ཡོན་མི་སྣའི་དཔུང་སྡེའི་འདེགས་སྐྱོར་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་འཆར་འགོད་གཏན་འཁེལ་དང་ལག་ལེན་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས།འཕེལ་རྒྱས་གསར་པའི་ཆགས་ཚུལ་ནང་འབྲེལ་འདྲིས་ཟབ་མོ་དང་ཁྱོན་ཡོངས་ནས་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་འགྱུར་མེད་སྟོབས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།ལག་ལེན་མཐར་ཕྱིན་བྱ་རྒྱུ་ནི་མིག་སྔར་དང་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། འཕེལ་རྒྱས་གསར་པ་གཏོང་བའི་དུས་རིམ་ནང་སི་ཁྲོན་ལ་འཁེལ་བའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པ་འཕྱུག་མེད་ཁོང་དུ་ཆུད་པ་བྱས་ནས་འཕེལ་རྒྱས་ཀྱི་ཆགས་ཚུལ་གསར་པའི་ནང་འབྲེལ་འདྲིས་ཟབ་མོ་བྱེད་སྟངས་ཀྱི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། འཕེལ་རྒྱས་གཏོང་བའི་འདུ་ཤེས་གསར་པས་སྤུས་ཀ་ཡག་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་འཆར་འགོད་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་མཐར།ཏང་གིས་སྤུས་ཀ་ཡག་པོའི་འཕེལ་རྒྱས་ལ་མགོ་ཁྲིད་བྱེད་ནུས་དང་ཆུ་ཚད་མཐོར་འདེགས་བྱ་དགོས།མིག་སྔའི་ལས་དོན་སོ་སོ་དམ་འཛིན་ཡག་པོ་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ100འཁོར་བར་བསུ་མ་ཞུས་དགོས།

    ཚང་འཛོམས་གྲོས་ཚོགས་ཀྱིས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོའི་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྲོལ་ཡིག》གི་འབྲེལ་ཡོད་ཆོད་དོན་ལྟར། བློ་མཐུན་ཝུའུ་ཞུའེ་སྐབས་བཅུ་གཅིག་པའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་རྩ་དགོངས་ཞུས་པར་ཆོག་མཆན་གནང་བ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱིས་སི་ཁྲོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁྲེང་ཅིས་མིང་དང་ལུའེ་ཧུང་ཅིན་གྱིས་སྒྲིག་ལམ་ལ་ཚབས་ཆེན་འགལ་བའི་གནད་དོན་སྐོར་གྱི་ཞིབ་དཔྱད་སྙན་ཞུ་ལ་གྲོས་ཞིབ་བྱས་པས་མ་ཚད་གྲོས་འཆམས་བྱུང་བ་དང་། ཞིང་ཆེན་རྒྱུན་ཨུ་གྲོས་ཚོགས་ཀྱིས་དེའི་སྔོན་དུ་ཁྲེང་ཅིས་མིང་དང་ལུའེ་ཧུང་ཅིན་ཏང་གི་སྐྱིད་སྡུག་ནས་ཕུད་པའི་ཆད་གཅོད་ལ་ཁས་ལེན་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱིས་ཞིང་ཆེན་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོ་མཛད་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་དགོངས་པས་ཁྲིད་སྟོན་བྱས་ནས་བློ་གཅིག་སེམས་གཅིག་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་ཤིང་། གོ་སྐབས་དམ་འཛིན་དང་གསར་སྤེལ་བརྩོན་ལེན་བྱས་ཏེ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པའི་ཐོག་སླེབས་པར་སྐུལ་འདེད་བཏང་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་སི་ཁྲོན་གསར་པ་འཛུགས་སྐྱོང་བྱེད་པ་རྒྱལ་ཁ་གསར་པ་ཐོབ་པ་བྱ་དགོས་ཞེས་འབོད་སྐུལ་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཚོགས་ཆེན་དེ2021ལོའི་ཟླ1ཚེས29ཉིན་འཚོག་རྒྱུར་གཏན་འཁེལ་བྱས་འདུག
  • ལེ་ཚན་རྗེས་མ།:ཧོང་ཀང་ལིའང་གས་ཚལ་གླིང་གའི་རི་ སྐྱེས་ཤྭ་བ3400 ཡི་ཐོག་འཕར་ སྣོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།