རིམ་པ་ཁག་གི་རིགས་སོ་སོའི་སློབ་གྲྭ་ཚང་མར་ལོ་འདིའི་ནང་དྲྭ་སྦྲེལ་ཡོངས་སུ་ཁྱབ་རྒྱུ་རེད།

ཡེ་ཤེས་ཀྱིས་བསྒྱུར།        2020-12-07

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ12པའི་ཚེས1ཉིན་འབྱོར་བའི་གཏམ་གསར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོའི་ལོ་མཇུག་ནང་ཚུན་ལ་རང་རྒྱལ་གྱི་རིམ་པ་ཁག་གི་རིགས་སོ་སོའི་སློབ་གྲྭ་ཚང་མར་དྲྭ་སྦྲེལ་ཡོངས་སུ་ཁྱབ་རྒྱུ་རེད།

སློབ་གསོ་པུའུ་ཡིས་ཉིན་དེར་འཛུགས་གཉེར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་དོན། མིག་སྔར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དྲྭ་སྦྲེལ་སློབ་ཁྲིད་བྱེད་ཚད་དེ2015ལོའི་བརྒྱ་ཆ69.3ནས་བརྒྱ་ཆ99.7གྱི་ཐོག་འཕར་བ་དང་། ཕྱིར་གཏོང་གི་ཐགས་ཞེང100Mལ་ཟིན་པའི་སློབ་གྲྭའི་བསྡུར་ཚད་བརྒྱ་ཆ12.8ནས་བརྒྱ་ཆ98.7གྱི་ཐོག་འཕར་ཡོད། སློབ་གྲྭ་ཆུང་འབྲིང་བརྒྱ་ཆ95.2ལ་བརྒྱུད་ལམ་སྣེ་མང་གི་སློབ་ཁང་ཡོད་པ་དང་སློབ་གྲྭས་གཅིག་གྱུར་བཀོད་སྒྲིག་བྱས་པའི་དགེ་རྒན་དང་སློབ་མའི་མཐའ་སྣེ་གྲངས་ཀ་ཁག་བགོས་ནས་ཁྲི1060དང་ཁྲི1703ཡོད་པ་རེད། ད་ལོའི་ལོ་མཇུག་ཚུན་དུ་རིམ་པ་ཁག་གི་རིགས་སོ་སོའི་སློབ་གྲྭ་ཚང་མར་དྲྭ་སྦྲེལ་ཁྱབ་པར་བྱ་རྒྱུ་རེད།

སློབ་གསོ་པུའུ་ཚན་རིག་ལག་རྩལ་སིའི་རིམ་པ་དང་པོའི་སྐོར་གཟིགས་པ་ཀའོ་རུན་ཧྲེང་གིས་ཕྱིན་ཆད་སློབ་གསོའི་སློབ་ཁྲིད་བྱེད་སྟངས་དང་བྱེད་ཐབས་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་ནས“སློབ་མ་ལྟེ་གནས་བྱེད་པའི”འདུ་ཤེས་རྒྱུན་འཁྱོངས་བྱས་ནས་རང་གཤིས་ཅན་གྱི་སློབ་སྦྱོང་ལ་སྐུལ་འདེད་གཏང་རྒྱུ་རེད། དགེ་སློབ་ཀྱི་ཆ་འཕྲིན་བྱང་ཚད་མཐོ་རུ་གཏོང་རྒྱུ་དེ་དམིགས་སུ་བཀར་བའི་གནས་སུ་བཞག་ནས་མཉམ་བསྲེས་སློབ་ཁྲིད་དང་དྲྭ་ཐོག་སློབ་ཁྲིད་དེ་དགེ་རྒན་གྱིས་སློབ་ཁྲིད་ཐད་རང་རྟོགས་ཀྱིས་བཀོལ་སྤྱོད་བྱེད་པའི་ཐབས་ཇུས་དང་བྱེད་ཐབས་སུ་འགྱུར་བ་བྱ་དགོས། ཆ་འཕྲིན་ལག་རྩལ་བཀོལ་སྤྱོད་བྱས་ནས་སློབ་གསོའི་གདེང་འཇོག་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་རིག་ནུས་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པའི་ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱ་དགོས། སློབ་གསོའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་བཅོས་མཐོར་འདེགས་བྱས་ནས་རིག་ནུས་ཅན་གྱི་སློབ་གསོ་དང་སློབ་སྦྱོང་གི་ཁོར་ཡུག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏང་དགོས།སློབ་གསོའི་ཚན་རིག་ཞིབ་འཇུག་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་དང་ཐོན་རྫས། ཞིབ་འཇུག བེད་སྤྱོད་བཅས་མཉམ་འདྲེས་ཟབ་མོ་བྱས་པར་སྐུལ་འདེད་གཏང་དགོས། སྲིད་གཞུང་གི་ཁྲིད་སྟོན་རྒྱུན་འཁྱོངས་དང་། ཕྱོགས་མང་པོ་དེའི་ཞུགས་པ། མ་འོངས་པའི་སློབ་གསོ་དང་འཚམ་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཁྲི200ཡི་ཉེན་མེད་འཐུང་ཆུའི་གནད་དོན་ཐག་གཅོད་བྱས།
  • ལེ་ཚན་རྗེས་མ།:པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།