པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

        2020-12-08

     ཉེ་ལམ་པེ་ཅིན་ནས2020པེ་ཅིན་ཡུང་ལུ་གོ་ལ་ཧྲིལ་བོའི་ཐོག་མའི་རྡེག་འཚོང་ཞེས་པ་གནའ་རྫས་དང་སྒྱུ་རྩལ་བརྩམས་ཆོས་སོགས་ཀྱི་བཤམ་སྟོན་དང་རྡེག་འཚོང་གི་བྱེད་སྒོ་གཞི་རྒྱ་ཆེན་པོ་ཞིག་ཏུ་བོད་ཀྱི་རི་མོ་པ་གཉིས་ཏེ། ལྷ་རིས་པ་པདྨ་རིག་འཛིན་དང་རི་མོ་པ་འཇུ་རབ་གསལ་གཉིས་ཀྱི་ཐང་གའི་བརྩམས་ཆོས་དང་རི་མོའི་བརྩམས་ཆོས། ཡིག་གཟུགས་བརྩམས་ཆོས་སོགས་བརྩམས་ཆོས་བཅུ་གྲངས་ཤིག་བཤམ་སྟོན་དང་རྡེག་ཚོང་བྱས།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

     དེ་ཡང་པེ་ཅིན་དུས་བཞིའི་གསོལ་མགྲོན་ཁང་ཆེན་མོའི་ཐོག་བརྩེགས་གཉིས་པའི་སྒྱུ་འཕྲུལ་སྒྱུ་རྩལ་ལྟེ་གནས་སུ་གནའ་དེང་གི་སྒྱུ་རྩལ་བརྩམས་ཆོས་ཤིན་ཏུ་མང་པོ་ཟླ11པའི་ཚེས28ནས་ཟླ12པའི་ཚེས3བར་བཤམ་སྟོན་བྱས་ཡོད་ཅིང་།   དེའི་ཁྲོད་དུ་བོད་ཀྱི་སྒྱུ་རྩལ་པ་ཁོང་རྣམ་གཉིས་ཀྱི་ཐང་ག་དང་ཡིག་གཟུགས་ཀྱིས་མཚོན་པའི་བརྩམས་ཆོས་གྲལ་ཕྲེང་ཞིག་བཤམ་སྟོན་བགྱིས་འདུག། ཟླ12པའི་ཚེེས2ནས5ཡི་བར་རྡེག་འཚོང་ངམ་མཐོ་འཚོང་འཁྲུགས་ཆ་དོད་པོ་བྱས་ཤིང་ཁོང་གཉིས་ཀྱི་བརྩམས་ཆོས་ལའང་མྱོང་རོལ་མཁན་དང་བསྡུ་ཚགས་མཁན་མང་པོས་དགའ་བསུ་ཚད་མཐོན་པོ་ཐོབ་པར་མ་ཟད་བརྩམས་ཆོས་མང་པོ་བསྡུ་ཚགས་མཁན་གྱིས་ཧབ་ཐོབ་ཀྱིས་རྡེག་ཉོ་བྱས་འདུག། རེབ་འདིར2020པེ་ཅིན་ཡུང་ལུ་གོ་ལ་ཧྲིལ་བོའི་རྡེག་འཚོང་དུ་གནའ་རྫས་དང་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་ཤིན་ཏུ་མང་པོ་རྡེག་འཚོང་བྱས་པར་དམངས་སྒོར་དུང་ཕྱུར24.9ལ་སླེབས་པར་ཡུང་ལུ་གཞུང་གཉེར་སྤྱི་སྟེགས་སུ་བསྒྲགས།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

པདྨ་རིག་འཛིན། ལོ་རབས་བདུན་ཅུ་པར་ཁམས་ཉག་རོང་དུ་སྐྱེས། ཀརྨ་སྒར་བྲིས་ལུགས་ཀྱི་ལྷ་རིས་པ་དང་ཡིག་གཟུགས་སྒྱུ་རྩལ་པ་བཅས་ཡིན།

པེ་ཅིན་ནས་བོད་ཀྱི་སྒྱུ་རྩལ་པ་གཉིས་ཀྱི་གཏམ་བཟང་ཐོན་བྱུང་།

འཇུ་རབ་གསལ། ལོ་རབས་བརྒྱད་ཅུ་པར་ཁམས་མི་ཉག་ཏུ་སྐྱེས། རབ་བཏགས་རི་མོ་མཁན་དང་མཛེས་རིས་འཆར་འགོད་པ། རྩོམ་པ་པོ་དང་པར་ལེན་པ་བཅས་ཡིན།

ངེད་གསར་འགོད་པས།

རྩོམ་སྒྲིག་པ།  མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རིམ་པ་ཁག་གི་རིགས་སོ་སོའི་སློབ་གྲྭ་ཚང་མར་ལོ་འདིའི་ནང་དྲྭ་སྦྲེལ་ཡོངས་སུ་ཁྱབ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཚོགས་ཆེན་དེ2021ལོའི་ཟླ1ཚེས29ཉིན་འཚོག་རྒྱུར་གཏན་འཁེལ་བྱས་འདུག
  • དོ་སྣང་ཆེ་བའི་རྩོམ།