ཡེ་ཤེས་ཀྱིས་བསྒྱུར། 2017-09-19
ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་བ9པའི་ཚེས5ཉིན་འབྱོར་བའི་གཏམ་གསར། ཉེ་བའི་ལོ་ཤས་རིང་ལ། སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད། དམངས་འཚོ་ཁྱོན་ཡོངས་ནས་ལེགས་བཅོས་ཡོང་བ་བཅས་ལ་སྐུལ་འདེད་གཏང་ཆེད། སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བོད་རིགས་ས་ཁུལ་དུ་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོའི་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་ནས་བོད་རིགས་ས་ཁུལ་དུ་ལོ་དགུ་ཐོག་གསུམ་བསྣན་པའི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་བཞག་པ་རེད།
སི་ཁྲོན་གྱིས་རྒྱ་ཡུལ་དུ་ལོ་དགུ་ཐོག་གསུམ་བསྣན་པའི་སློབ་ཡོན་མི་དགོས་པའི་སློབ་གྲྭ་རུ་སློབ་སྦྱོང་བྱེད་དུ་འགྲོ་བའི་བོད་ཁུལ་གྱི་སློབ་མ་ཚོའི་སློབ་ཡོན་ཚང་མ་སྤྲོད་མི་དགོས་པར་མ་ཟད། འཚོ་བའི་ཁ་གསབ་དང་འགྲིམ་འགྲུལ། སྡོད་ས་། དཔེ་དེབ། དགུན་གོས་སོགས་ཀྱི་འགྲོ་སོང་ཙག་ཙིག་གི་ཁ་གསབ་དང་སློབ་གྲྭའི་ལས་ཀའི་འགྲོ་གྲོན་གྱི་ཁ་གསབ་རོགས་དངུལ་བཅས་མཁོ་སྤྲོད་བྱས་པ་རེད། ལོ་དགུ་ཐོག་གསུམ་བསྣན་པའི་སློབ་ཡོན་མི་དགོས་པའི་སློབ་གསོའི་ལས་འགན་འཁུར་མཁན་གྱི་སློབ་གྲྭ་ཚང་མ་ནི་ཞིང་ཆེན་རིམ་པའི་གཙོ་གནད་ཡན་ཆད་ཀྱི་སྤུས་ཀ་ལེགས་པའི་འབྲིང་རིམ་ལས་རིགས་སློབ་གྲྭ་ཡིན་པ་རེད། ཉེ་བའི་ལོ5ཡི་རིང་ལ་སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ལོ་དགུ་ཐོག་གསུམ་བསྣན་པའི་རིན་པའི་མི་དགོས་པའི་སློབ་གྲྭ་ནས་འཐར་ཕྱིན་པའི་སློབ་མ་ཁྱོན་བསྡོམས་ཁྲི2.5ཡོད་པའི་ནང་དང་ཐོག་ལས་ཞུགས་བྱེད་ཚད་བརྒྱ་ཆ98ཡན་ཆད་ལ་སྲུང་འཛིན་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་ཞིང་ཆེན་གྱི་ལོ་དགུ་ཐོག་གསུམ་བསྣན་པའི་སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་དེ་བོད་ཁུལ་ལ་རྨང་གཞི་འདིང་བ་དང་རྒྱ་ཡུལ་དུ་ལག་རྩལ་སྦྱོང་བའི་བོད་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་པ་ཞིག་འཚོལ་ཞིབ་བྱས་ཏེ། མི་གཅིག་གིས་ལག་རྩལ་ཤེས་ནས་ལས་ཞུགས་བྱེད་ཐུབ་སྟེ་ཁྱིམ་ཚང་ཡོངས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གྲུབ་འབྲས་ཐོབ་ཡོད་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10