སྐར་མ་རྀ་ཥི་ཤར་བས་ལྷ་སའི་བོད་རིགས་ཚོས་གཙང་འགྲམ་དུ་ཁྲུས་རྒྱག་པ།

མི་དམངས་དྲ་བ།        2017-09-19

སྐར་མ་རྀ་ཥི་ཤར་བས་ལྷ་སའི་བོད་རིགས་ཚོས་གཙང་འགྲམ་དུ་ཁྲུས་རྒྱག་པ།

  ཟླ་9ཚེས་9ཉིན་ནས་ཚེས་15ཉིན་བར་ནི་སྐར་མ་རྀ་ཥི་ཤར་བའི་དུས་ཡིན་ལ། དུས་དེར། བོད་རིགས་ཚོས་ལུས་པོ་འཁྲུ་བ་རེད། དམངས་ཁྲོད་དུ། སྐར་མ་རྀ་ཥི་ཤར་དུས་ཀྱི་ཁྲུས་རྒྱག་པའི་དུས་སྐབས་བཟང་ཤོས་ནི་དགོང་མོ་ཡིན་པ་དང་། སྐར་ཚོགས་ཀྱི་འོག་ཏུ་ལུས་པོ་འཁྲུས་ན་ཕན་ཡོན་ཆེན་པོ་ལྡན་ཏེ། ལུས་ཀྱི་ནད་རིགས་སོགས་འཇོམས་ཐུབ་པ་མ་ཟད། བཀྲ་ཤིས་དང་རླུང་རྟ་དར་ཞེས་གྲགས། སྐར་མ་རྀ་ཥི་ཤར་དུས་སུ་ཁྲུས་རྒྱག་པའི་སྲོལ་ནི་བོད་རིགས་ས་ཁུལ་ཀུན་ཏུ་ཁྱབ་ལ། དུས་རྒྱུན་དུ། བོད་ལུགས་ཀྱི་ཟླ་བདུན་པའི་ཚེས་དྲུག་ཉིན་ནས་ཚེས་བཅུ་གཉིས་བར་ཡིན་ལ། དུས་ཡུན་ཉིན་བདུན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སི་ཁྲོན་ཞིང་ཆེན་བོད་ཁུལ་གྱི་ལོ་དགུ་ཐོག་གསུམ་བསྣན་པའི་སློབ་ཡོན་མི་དགོས་པའི་སློབ་གསོའི་མཐར་ཕྱིན་སློབ་མ་དང་ཐོག་ལས་ཞུགས་བྱེད་ཚད་བརྒྱ་ཆ་གོ་བརྒྱད་ལས་བརྒལ།
  • ལེ་ཚན་རྗེས་མ།:དེ་རིང་ཞོགས་པར་ཁྲོན་བོད་ཀྱི་འགག་སྒོ་དང་པོ་སྟེ་གཡག་རྔ་ནས་དར་མདོའི་མྱུར་བགྲོད་གཞུང་ལམ་གྱི་ལྷ་མོ་རོང་གི་ཕུག་ལམ་ཤར་གཏོང་ཐུབ་པ་རེད།
  • དོ་སྣང་ཆེ་བའི་རྩོམ།