བོད་ལྗོངས་ཀྱིས་གནས་སྐོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར50ལ་རྟེན་ནས་འཛམ་གླིང་གནས་སྐོར་བྱེད་ཡུལ་བསྐྲུན་རྒྱུ་རེད།

        2017-09-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཡོངས་ཀྱི་གནས་སྐོར་བོད་སྐྱོར་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ལོ23རིང་ལ་རྒྱལ་ཁབ་གནས་སྐོར་ཅུའུ་དང་བོད་སྐྱོར་ཞིང་ཆེན་སོ་སོ་སོས་བསྡོམས་པས་གནས་སྐོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར50ཙམ་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་གནས་སྐོར་ལྗོངས་རྒྱུ་ཁུལ་འཛུགས་སྐྲུན་དང་། ཐོན་རྫས་གྲགས་ཅན་གསར་བཟོ། ཞབས་ཞུ་ཆུ་ཚད་མཐོར་འདེགས་བཅས་ལ་སྐུལ་འདེད་བཏང་སྟེ། བོད་ལྗོངས་ཀྱིས་འཛམ་གླིང་གནས་སྐོར་བྱེད་ཡུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།

ཟླ9བའི་ཚེས8ཉིན། རྒྱལ་ཡོངས་ཀྱི་གནས་སྐོར་བོད་སྐྱོར་བྱ་བའི་ཚོགས་འདུ་བོད་ལྗོངས་ཉིང་ཁྲི་ནས་བསྡུས་ཤིང་། རྒྱལ་ཁབ་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ལིས་ཅིན་ཙའོ་ཡིས་ཚོགས་ཐོག་ནས་བཤད་རྒྱུར། 2015ལོ་ནས2016ལོའི་བར་དུ། རྒྱལ་ཁབ་གནས་སྐོར་འཕེལ་རྒྱས་ཐེབས་རྩ་ཡིས་བསྡོམས་པས་མ་དངུལ་སྒོར་ཁྲི7100ལྷག་བཀོད་སྒྲིག་བྱས་ཏེ། བོད་ལྗོངས་ཀྱི་སྤྱོད་ཁང་གསར་བརྗེ་སོགས་གནས་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་ཞིང་སྡེའི་གནས་སྐོར་སོགས་ཁྱད་ལྡན་ཕུལ་བྱུང་ཐོན་ལས་གསོ་སྐྱོང་བྱ་བར་རྒྱབ་སྐྱོར་བྱས། མ་དངུལ་གྱི་གྲངས་འབོར་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དངུལ་གཏོང་སྤྱིའི56%ཟིན། 2015ལོའི་རིང་ལ། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་མངའ་རིས་ཀྱི་བླ་རི་ལྷ་མཚོ་སོགས་བོད་ལྗོངས་ཀྱི་གནས་སྐོར་རྣམ་གྲངས30《རྒྱལ་ཡོངས་ཀྱི་གནས་སྐོར་རྣམ་གྲངས་ལེགས་འདེམས་མིང་ཐོ》སུ་བཅུག་པ་དང་། མ་དངུལ་ཕྱོགས་ཀྱི་དཀའ་ཁག་ཐག་བཅད་དེ། བོད་ལྗོངས་ཀྱི་སྣེ་ཤན་པ2300དང་། སྲིད་འཛིན་ལས་བྱེད་པ120། ཞིང་གྲོང་གི་གནས་སྐོར་སྣེ་ཁྲིད་པ50སྐྱེད་སྲིང་བྱས་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་ལ། ཀོང་ཏུང་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར38བཏང་བའི་ཀླུ་ནང་རྒྱལ་སྤྱིའི་གནས་སྐོར་གྲོང་རྡལ་རྣམ་གྲངས་ཀྱིས་རྒྱལ་ཡོངས་གནས་སྐོར་བོད་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཆེས་ཆེ་བའི་ཟིན་ཐོ་བསྐྲུན་པ་དང་། ཀོང་ཏུང་ཞིང་ཆེན་དང་ཧྥུ་ཅན་ཞིང་ཆེན་གཉིས་ཀྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར7100ལྷག་བཀོད་སྒྲིག་བྱས་ཏེ་སྔ་གཞུག་ཏུ་བྲག་གསུམ་མཚོ་དང་གྲོག་རོང་ཆེན་མོའི་ལྗོངས་རྒྱུ་ཁུལ་དང་འགྲིམ་འགྲུལ་ལམ་རྒྱུད་ཀྱི་གནས་སྐོར་སྤྱི་བའི་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལེགས་འགྲུབ་བྱུང་། ཧྲན་ཏུང་དང་། ཧྲང་ཧེ། ཧེ་ལུང་ཅང་ཞིང་ཆེན་བཅས་ཀྱིས་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར9ལྷག་བཀོད་སྒྲིག་བྱས་ཏེ། གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཀྱི་གནས་སྐོར་སྒྲིག་ཆས་དང་གནས་སྐོར་དབུལ་སྐྱོར་བྱ་བ་ལེགས་བཅོས་བྱས། ཅང་སུའུ་ཞིང་ཆེན་དང་པེ་ཅིན་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར6བཀོད་སྒྲིག་བྱས་ཏེ། ལྷ་སའི་གནས་སྐོར་ཆ་འཕྲིན་འདྲི་རྟོག་ཞབས་ཞུ་ལྟེ་གནས་སོགས་གནས་སྐོར་རྣམ་གྲངས་གལ་ཆེན28འཛུགས་སྐྲུན་བྱས།

རྒྱུས་ལོན་ལྟར་ན། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་བསྟུད་མར་ལོ15ཡི་རིང་ལ་སྣེ་ཤན་པའི་བོད་སྐྱོར་བྱ་བ་སྤེལ་ཏེ། 2012ལོ་ནས་ད་ལྟའི་བར་དུ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་ནས་བོད་སྐྱོར་སྣེ་ཤན་པ230མངགས་གཏོང་བྱས་པ་དང་། 2015ལོའི་ཚུན་དུ་དབྱིན་ཡིག་གི་སྣེ་ཤན་པ་ཕུལ་བྱུང150མངགས་ཏེ་བོད་སྐྱོར་བྱ་བ་སྤེལ་བ་དང་། སྣེ་ཤན་པ21ཐེངས5ཡན་གྱི་བོད་སྐྱོར་བྱ་བའི་ཁྲོད་ཞུགས་ཏེ། བོད་ལྗོངས་ཀྱི་གནས་སྐོར་ལས་རིགས་ཀྱི་འཕེལ་རྒྱས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད་པ་རེད།   །


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་བཞི་ལྡན་དགེ་རྒན་བཟང་པོ་དང་བོད་སྐྱོར་དགེ་རྒན་མཛེས་ཤོས་ལ་གཟེངས་བསྟོད་བྱས་པ།
  • ལེ་ཚན་རྗེས་མ།:མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་བཟོ་སྐྲུན་ལས་གཞི་བཞི་ལག་བསྟར་བྱས་པ་བརྒྱུད་དེ་སྐྱེ་ཁམས་རྫོང་མཁར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།