བོད་ལྗོངས་ཀྱིས་བཞི་ལྡན་དགེ་རྒན་བཟང་པོ་དང་བོད་སྐྱོར་དགེ་རྒན་མཛེས་ཤོས་ལ་གཟེངས་བསྟོད་བྱས་པ།

        2017-09-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས10ཉིན།  བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་སྤྱི་ལོ2017ལོའི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ།  བོད་ལྗོངས་ཀྱི་བཞི་ལྡན་དགེ་རྒན་བཟང་པོ55དང་བོད་སྐྱོར་དགེ་རྒན་མཛེས་ཤོས21ལ་གཟེངས་བསྟོད་བྱས་པ་མ་ཟད།  རྒན་ཡོལ་ཞུ་མཁན་དགེ་རྒན་གྱི་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་མཛད་སྒོ་འཚོགས་པ་རེད། 

ཐེངས་འདིའི་ཚོགས་འདུའི་ཐོག་དགེ་རྒན་གྱིས་དམ་བཅའ་འཇོག་པའི་མཛད་སྒོའི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་།  རྒན་དར་གཞོན་གསུམ་གྱི་དགེ་རྒན་ཚོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོའི་ཚབ་ཞུས་ནས་རྒྱལ་དར་ལ་ཁ་གཏད་དེ་བརྗིད་ཉམས་ཆེན་པོའི་ངང་དམ་བཅའ་བཞག་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན།  དམ་བཅའ་འཇོག་པའི་མཛད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་དགེ་རྒན་ཚོས་རྒྱལ་གཅེས་དང་ཏང་གཅེས།  ལས་གཅེས།  སློབ་གཅེས་བཅས་ཀྱི་སྤྱི་ཚོགས་འགན་འཁྲི་འཁུར་སེམས་དང་ལས་དོན་སྒྲུབ་སེམས་ཆེན་པོ་སྔར་བས་སྐོང་འཐེན་བྱས་ནས།  བཞི་ལྡན་གྱི་དགེ་རྒན་བཟང་པོ་དང་ལམ་སྣེ་བ་བཞི་བརྩོན་ལེན་བྱས་ཏེ་མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་རེད།།


  • ལེ་ཚན་སྔོན་མ།:པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པ་བྱུང་ཞིང་། པེ་ཅིན་དང་ཝུའུ་ལུའུ་མུའུ་ཆི་བར་གྱི་ལམ་ཐག་སྤྱི་ལེ1300ཉུང་དུ་བཏང་ཡོད།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་གནས་སྐོར་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར50ལ་རྟེན་ནས་འཛམ་གླིང་གནས་སྐོར་བྱེད་ཡུལ་བསྐྲུན་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།