པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པ་བྱུང་ཞིང་། པེ་ཅིན་དང་ཝུའུ་ལུའུ་མུའུ་ཆི་བར་གྱི་ལམ་ཐག་སྤྱི་ལེ1300ཉུང་དུ་བཏང་ཡོད།

ཆོས་འཛིན་གྱིས་བསྡུས་བསྒྱུར་བྱས།        2017-09-12

པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ཚང་མ་ཤར་གཏོང་ཐུབ་པ་བྱུང་ཞིང་། པེ་ཅིན་དང་ཝུའུ་ལུའུ་མུའུ་ཆི་བར་གྱི་ལམ་ཐག་སྤྱི་ལེ1300ཉུང་དུ་བཏང་ཡོད།

     ཟླ་བ7པའི་ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ16ལ། རྒྱལ་ཁབ་ཀྱི་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ཁུལ་དང་མཚོ་ཐོག་དར་གོས་འགྲུལ་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ཨར་ལས་ཏེ་པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལིན་པེ་དུམ་བུ་དངོས་སུ་ཤར་གཏོང་ཐུབ་པ་བྱུང་བས། འཛམ་གླིང་ཐོག་བྱེ་ཐང་བརྒལ་བའི་ཆེས་རིང་བའི་མྱུར་བགྲོད་གཞུང་ལམ་ཏེ་པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམརྒྱལ་སྲུང་གཞུང་ལམ༧7པ།ཚང་མ་ཤར་གཏོང་ཐུབ་པ་བྱུང་བ་མཚོན་ཡོད།

     ལོ100ཡི་སྔོན། སུན་ཀྲུང་ཧྲན་གྱིརྒྱལ་འཛུགས་འཆར་གཞི་ཆེན་མོ།ཞེས་པའི་ནང་འཆར་གཞི་ཆེན་པོ་ཞིག་བཀོད་ཡོད་པ་སྟེ། ཤར་པེ་ཕིང་པེ་ཅིནནས་ཨ་ལན་སན་བརྒྱུད་དེ་ཏི་ཧྭཝུའུ་ལུའུ་མུའུ་ཆིབར་གྱི་ཞིན་ཅང་ལ་སྐྱོད་པའི་འགྲོ་ལམ་ཆེན་མོ་གཉིས་པ་འཛུགས་སྐྲུན་བྱ་རྒྱུའི་གནས་ཚུལ་བཀོད་ཡོད་པ་རེད། ད་སང་ལོ་བརྒྱ་སྔོན་གྱི་ཕུགས་འདུན་དེ་དངོས་འགྱུར་བྱུང་ཡོད།

     པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ནི་རང་རྒྱལ་གྱི་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ཀྱི་ཁྱབ་འགྱེད་ལྡན་པའི་ལམ་བདུན་པ་ཡིན་ཞིང་། སྤྱིའི་རིང་ཚད་སྤྱི་ལེ2540ཡོད་པས། གླིང་ཆེན་ཨ་ཤེ་ཡའི་མ་དངུལ་འཇོག་ཚད་ཆེས་མང་བའི་གཞུང་ལམ་འཛུགས་སྐྲུན་གྱི་ལས་གཞི་ཞིག་ཡིན་ལ། དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ཁུལ་དང་མཚོ་ཐོག་དར་གོས་འགྲུལ་ལམ་གྱི་མཚོན་རྟགས་རང་བཞིན་གྱི་ཨར་ལས་ཤིག་ཀྱང་ཡིན་པ་རེད། འདི་ནི་མཚོ་བོད་ལྕགས་ལམ་རྗེས་ཀྱི་ཡང་དུ་དཀའ་ལས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པའི་དཔེ་མཚོན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པ། འཛུགས་སྐྲུན་བྱས་རྗེས་པེ་ཅིན་ནས་ཝུའུ་ལུའུ་མུའུ་ཆི་བར་གྱི་ལམ་ཐག་སྤྱི་ལེ1300ཉུང་དུ་བཏང་ཐུབ།

པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལིན་པེ་དུམ་བུ་ནི་དེའི་གཙོ་གནས་ལས་གྲྭ་རེད། ལས་གྲྭ་དེ2015ལོའི་ཟླ་བ4པའི་ཚེས24ཉིན་དངོས་སུ་ལས་འགོ་ཚུགས་པ་དང་། མི་ཚོགས་གཅིག་ཐོག་མཐའ་བར་གསུམ་དུ་ལས་གྲྭ་འཛུགས་སྐྲུན་གྱི་ཆེས་དཀའ་སར་ཞུགས་པ་རེད།

     ཀྲུང་གོའི་ལྕགས་ལམ་པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གཞིའི་སྤྱི་ཁྱབ་འགན་གཙང་ལེན་དོ་དམ་པུའུ་ཡི་འགན་ཁུར་མི་སྣ་སུན་ཡུས་གོས་ངོ་སྤྲོད་བྱས་དོན། ཀྲུང་གོའི་ལྕགས་ལམ་འཛུགས་སྐྲུན་ཅུས་ཀྱི་མི་སྣས་ཆུ་དང་གློག་ཆ་འཕྲིན་མེད་ཅིང་བྱེ་རླུང་ཆེ་ལ་ཚ་བ་ཆེ་བ་སོགས་རང་བྱུང་ཁོར་ཡུག་ཞན་པའི་དཀའ་ངལ་ཁྱད་བསད་བྱས་ཏེ་འགྲན་བསྡུར་བྱེད་ཕོད་པའི་འཇིག་རྟེན་ལ་འཕུར་སྐྱོད་པའི་སྙིང་སྟོབས་དང་འགན་ལྕི་རུང་ལས་རྐང་ལ་དགའ་བའི་མཐའ་སྲུང་དམག་གི་སྙིང་སྟོབས། འབུལ་འདོད་ཆེ་བའི་ཧུའུ་དབྱང་ཤིང་སྡོང་གི་སྙིང་སྟོབས། དཀའ་སྤྱད་སྙིང་རུས་ཀྱི་རྔ་མོང་གི་སྙིང་སྟོབས་བཅས་པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ལས་མཁན་གྱི་སྙིང་སྟོབས་སྤེལ་ནས་ཟླ་བ16གི་ནུས་ཐོན་ལས་དུས་ནང་།འཛུགས་སྐྲུན་བྱེད་མཁན་གསུམ་ཁྲི་ཙམ་གྱིས་ཆ་རྐྱེན་ཧ་ཅང་ཞན་པའི་བྱེ་ཐང་ཆེན་པོའི་ནང་གཞུང་ལམ་རིང་པོ་དེ་ལས་པ་རེད།

     བྱེ་ཐང་ཐོག་ཆུ་ལོག་འགོག་པ། 2016ལོའི་ཟླ་བ6པའི་ཚེས3ཉིན། ཕྱི་སོག་གི་ཆུ་ལོག་ཆེན་མོས་ཀྲུང་གོའི་ལྕགས་ལམ་ཅུས་ཀྱི་པེ་ཅིན་ནས་ཞིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལས་གཞི་ལྔ་པའི་ཨར་འདམ་བརྫི་བའི་ས་ཚིགས་དེད་གྲབས་ཡོད་པ། མཚན་གྱི་ཆུ་ཚོད4དང་སྐར་མ30ཐོག་ཆུ་ལོག་ཆེན་པོ་ཐེངས་གསུམ་པ་ལང་ལོང་དུ་འཕྱུར་ནས་ཆུ་ལོག་འགོག་རགས་གཏོར་བས། ཨར་འདམ་བརྫི་བའི་ས་ཚིགས་ཧྲིལ་པོ་གླིང་ཕྲན་ནང་བཞིན་མཐའ་ཡས་པའི་བྱེ་ཐང་ནང་སྒར་བ་རེད།

     མྱུར་བགྲོད་གཞུང་ལམ་འདིས་ཞིན་ཅང་གི་ཧོ་ཨེར་ཀོ་སིའི་ཚོང་འགྲུལ་གྲུ་ཁ་ནས་ཐན་ཅིན་གྲུ་ཁ་བར་གྱི་ཆེས་མགྱོགས་པའི་མཚོ་ཐོག་འགྲུལ་ལམ་བཏོད་ནས་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་ཁུལ་དང་མཚོ་ཐོག་དར་གོས་འགྲུལ་ལམ་འབྲེལ་བའི་ཟམ་ལམ་གལ་ཆེན་ཞིག་ཏུ་གྱུར་པ་རེད།


  • ལེ་ཚན་སྔོན་མ།:བཟོ་བཅོས་བྱས་པའི《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་བཞི་ལྡན་དགེ་རྒན་བཟང་པོ་དང་བོད་སྐྱོར་དགེ་རྒན་མཛེས་ཤོས་ལ་གཟེངས་བསྟོད་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།