མཚོ་སྔོན་གྱི་གོར་མོ་ནས་ཨུ་རུ་སུ་ལ་གཏོང་བའི་མེ་འཁོར་དང་པོ་ཤར་གཏོང་བྱེད།

གངས་སྐྱིད་ཀྱིས་བསྒྱུར།        2017-09-04

མཚོ་སྔོན་གྱི་གོར་མོ་ནས་ཨུ་རུ་སུ་ལ་གཏོང་བའི་མེ་འཁོར་དང་པོ་ཤར་གཏོང་བྱེད།

     ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ8པའི་ཚེས20ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན།  རླངས་དུང་སྐད་གསང་རིང་པོ་ཞིག་གྲགས་པ་དང་ཆབས་ཅིག   མཚོ་སྔོན་ཞིང་ཆེན་ནས་ཨུ་རུ་སུའི་པི་ཨའེ་མོ་གྲོང་ཁྱེར་དུ་གཏོང་བའི་མེ་འཁོར་དང་པོ་དེ་མཚོ་བོད་ལྕགས་ལམ་སྤྱི་གཉེར་ཁང་གི་གེར་མོའི་མེ་འཁོར་བབས་ཚུགས་ནས་གཏོང་འགོ་ཚུགས་པ་རེད།   མེ་འཁོར་ཚན་པ41བསྒྲིགས་ནས་ སྐྱེལ་འདྲེན་བྱས་པའི་ཚོང་ཟོག་ནི་མཚོ་སྔོན་ཚྭ་འདམ་གཞོང་སའི་རེས་སྐོར་དཔལ་འབྱོར་དཔེ་སྟོན་ས་ཁུལ་ནས་ཐོན་པའི་ཚྭ་མཚེའུ་ཐོན་རྫས་རེད།

     མཚོ་སྔོན་ནས་ཨུ་རུ་སུ་ལ་གཏོང་བའི་མེ་འཁོར་དང་པོ་ནི་ཀྲུང་གོ་ལྕགས་ལམ་དོས་སྒམ་སྤྱི་གཉེར་ཁང་གིས་དངོས་རྫས་འཁོར་སྐྱོད་བྱེད་རིམ་གྱི་ལམ་ཐག་ཧྲིལ་པོར་ཞབས་འདེགས་འདོན་སྤྲོད་བྱེད་པ་དང་།   མེ་འཁོར་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་གེར་མོ་གྲོང་ཁྱེར་ནས་གཏོང་འགོ་བཙུགས་ནས་ཨ་ལྷ་ཧྲན་རི་འདབས་ནས་རྒྱལ་མཚམས་བརྒལ་ཏེ་ཧ་ས་ཁེ་སི་ཐན་བརྒྱུད་ནས་མཐའ་མཇུག་ཨུ་རུ་སུའི་པི་ཨའེ་མོ་གྲོང་ཁྱེར་དུ་སླེབས་པ་རེད།   མེ་འཁོར་བརྒྱུད་པའི་ལྕགས་ལམ་རིང་ཚད་བསྡོམས་འབོར་སྤྱི་ལེ6360ཡོད་པའི་ནང་ནས་རྒྱལ་ནང་གི་མངའ་ཁོངས་སུ་སྤྱི་ལེ3450ཡོད་པ་དང་ཕྱི་རྒྱལ་གྱི་མངའ་ཁོངས་སུ་སྤྱི་ལེ2910ཡོད་པ་རེད།   སྔོན་རྩིས་བྱས་ན་ཉིན10ཡས་མས་ལས་མི་འགོར་བས་སྔོན་ཆད་ཐན་ཅིན་གྲུ་ཁ་ནས་མཚོ་ཐོག་སྐྱེལ་འདྲེན་བྱེད་པ་དང་བསྡུར་ན་ཉིན30བསྲི་ཚགས་བྱེད་ཐུབ་པ་རེད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་མོང་ཧའེ་ཡིས་མཚོ་སྔོན་ནས་ཨུ་རུ་སུ་ལ་གཏོང་བའི་མེ་འཁོར་དང་པོ་ཤར་གཏོང་ཐུབ་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཕྱིར་གསར་སྦོལ་བྱ་རྒྱུའི་ཆུ་ཚད་མཐོ་རུ་གཏོང་བ་དང།  ཐོན་རྫས་ཀྱི་རྒྱལ་སྤྱིའི་ཐོག་གི་འགྲན་སློང་བྱེད་ཤུགས་ཆེ་རུ་ཕྱིན་པ།  ཚྭ་འདམ་གྱི་རེས་སྐོར་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ནུས་ཤུགས་འདོན་རྒྱུའི་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་པོ་ཡོད་པ་རེད་ཅེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:ལོ་བཞི་རིང་ཆ་སྙོམས་ལོ་རེར་དབུལ་ཕོངས་མི་གྲངས་ཁྲི1391ཉུང་དུ་ཕྱིན་ནས་རང་རྒྱལ་གྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གྲུབ་འབྲས་ཆེ་ཤོས་བསྐྲུན་ཡོད།
  • ལེ་ཚན་རྗེས་མ།:སྐབས་བཅུ་བདུན་པའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་ཚོགས་འདུ་དང་སྐབས་དང་པོའི་རྒྱལ་ཡོངས་བོད་ཡིག་འཕྲིན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་ཁྲེང་ཏུའུ་ལ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།