གངས་སྐྱིད་ཀྱིས་བསྒྱུར། 2017-09-04
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས29ཉིན་འབྱོར་བའི་གཏམ་གསར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས2016ལོའི་བར་རང་རྒྱལ་གྱི་ད་ལྟ་སྤྱོད་བཞིན་པའི་ཚད་གཞི་འོག་གི་ཞིང་སྡེའི་དབུལ་ཕོངས་ཀྱི་མི་གྲངས་དེ་ཁྲི9899ནས་ཁྲི4335ཡི་ཐོག་ཉུང་དུ་ཕྱིན་ནས་ལོ་རེར་ཆ་སྙོམས་དབུལ་ཕོངས་མི་གྲངས་ཁྲི1391ཉུང་དུ་བཏང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2013ལོ་ནས2016ལོའི་བར་ཞིང་སྡེའི་དབུལ་ཕོངས་བྱུང་ཚད་དེ་བརྒྱ་ཆ10.2ནས་བརྒྱ་ཆ4.5ཡི་ཐོག་མར་ཆག་ཡོད་ཅིང་། ཆ་སྙོམས་ལོ་རེར་བརྒྱ་ཆའི་གྲངས་ཀ1.4ཆག་ཡོད། སྔོན་གྱི་རེས་སྐོར་འགའི་དབུལ་སྐྱོར་བྱས་པ་དང་བསྡུར་ན། ཉེ་བའི་ལོ་བཞི་རིང་ལ་དབུལ་ཕོངས་ཉུང་དུ་གཏོང་བའི་གཞི་ཁྱོན་ཇེ་ཆེ་རུ་ཕྱིན་ཡོད་པ་མ་ཟད། ད་རུང་སྔོན་མའི་ཚད་གཞི་གསར་པ་ལག་ལེན་བསྟར་རྗེས་དབུལ་ཕོངས་ཉུང་དུ་གཏོང་བའི་གཞི་ཁྱོན་དེ་ལོ་རེ་བཞིན་ཉུང་དུ་མགྱོགས་པོ་ཆག་པའི་གནས་ཚུལ་བསྒྱུར་ཡོད། ལོ་རེར་དབུལ་ཕོངས་མི་གྲངས་ཁྲི1000ཉུང་དུ་བཏང་ཡོད། ལོ་བཞིའི་རིང་ལ་དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་མགྱོགས་ཙམ་ཡིན་པ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་དངོས་གསལ་དོད་པོའི་ལེགས་བཅོས་བྱུང་བ། དབུལ་ཕོངས་ས་ཁུལ་གྱི་ཞིང་སྡེའི་ཡུལ་མིའི་ཆ་སྙོམས་མི་རེས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་དེ་ཡང་རྒྱུན་མཐུད་དུ་གྲངས་གནས་གཉིས་ཀྱི་འཕར་ཚད་སྲུང་འཛིན་བྱས་ཏེ་ཆ་སྙོམས་ལོ་རེར་བརྒྱ་ཆ10.7དངོས་སུ་འཕར་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10