《ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་སྐོར་ གྱི་རྣམ་བཤད་གནད་བསྡུས》པར་སྐྲུན་འགྲེམས་སྤེལ་བྱས།

གངས་སྐྱིད་ཀྱིས་བསྒྱུར།        2017-09-04

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ8པའི་ཚེས27ཉིན་འབྱོར་བའི་གཏམ་གསར།    ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའིཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གནད་བསྡུསཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་།   མི་དམངས་རང་ཁྱིམ་རང་བདག  ཁྲིམས་ལྟར་རྒྱལ་སྐྱོང་བྱེད་པ་བཅས་གཅིག་གྱུར་དམ་ཟབ་བྱེད་པ་དང་།  ཁྱོན་ཡོངས་ཀྱི་གནས་ཚུལ་སྤྱི་འདོམས་དང་ཕྱོགས་སོ་སོ་མཐུན་སྦྱོར་བྱེད་པ།   ཆབ་སྲིད་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་བྱེད་པར་ཧུར་བརྩོན་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ།   སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་ཡོན་འཛུགས་སྐྱོང་བྱེད་པར་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད།   བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་དེས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཆབ་སྲིད་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་བ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འཕེལ་རྒྱས་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།  རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།   ལོ་བརྒྱ་གཉིསཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་པ།   ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པ་རེད།  

     《རྣམ་བཤད་གནད་བསྡུསལ་ཁྱོན་བསྡོམས་ཆེད་དོན་ཁག་དགུ་ཡོད་པ་དང་དེབ་ནང་རྣམ་བཤད་གལ་ཆེན་ཁག330བཀོད་ཡོད་པ་དང་བློ་མཐུན་ཞི་ཅིན་ཕིང་གིས2012ལོའི་ཟླ་བ11པའི་ཚེས15ཉིན་ནས2017ལོའི་ཟླ་བ5པའི་ཚེས3ཉིན་བར་གྱི་གསུང་བཤད་དང་། སྙན་ཞུ།  གླེང་མོལ།  མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན70ལྷག་ཙམ་ཕྱོགས་སྒྲིག་བྱས་པ་རེད།  དེའི་ནང་གི་རྣམ་བཤད་གལ་ཆེན་མང་པོ་ཞིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་རེད།


  • ལེ་ཚན་སྔོན་མ།:ཏང་གི་ཚོགས་ཆེན་ཐེངས19པ་ཟླ10ཚེས18ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལོ་བཞི་རིང་ཆ་སྙོམས་ལོ་རེར་དབུལ་ཕོངས་མི་གྲངས་ཁྲི1391ཉུང་དུ་ཕྱིན་ནས་རང་རྒྱལ་གྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གྲུབ་འབྲས་ཆེ་ཤོས་བསྐྲུན་ཡོད།
  • དོ་སྣང་ཆེ་བའི་རྩོམ།