རང་རྒྱལ་གྱིས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་ཐང་ཆུང་གྲས146ལ་ཁ་གསབ་སྤྲད་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2014-12-26

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ12པའི་ཚེས10ཉིན་ནས་འབྱོར་བའི་གཏམ་གསར།དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་གཏོང་བའི་དངུལ་རྩ་བེད་སྤྱོད་དང་དོ་དམ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་ལྟར།   སང་ལོར་རང་རྒྱལ་གྱིས་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཐང་ཆུང་ཆུང146ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་རེད།
   དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི《2015ལོར་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཐང་ཆུང་ཆུང་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་སྔོན་རྩིས་འཆར་གཞི་སྐོར་གྱི་སྤྱི་བསྒྲགས》ལྟར།   ན་ལོའི་ལོ་མཇུག་ནས་ད་ལོའི་ལོ་སྟོད་བར་ཀྱི་གནམ་གྲུ་ཐང་གི་བསྡོམས་རྩིས་གྲངས་ཀར་གཞིགས་བཟུང་སྟེ།རྒྱལ་ཡོངས་ཀྱི་གནམ་གྲུ་ཐང་ཆུང་ཆུང146ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ་ཡིན་པ་རེད།
གྲངས་ཀའི་ཐོག་ནས་མཚོན་དོན།སང་ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲུ་ཐང་ཆུང་ཆུང146ལ་སྤྲད་རྒྱུའི་ཁ་གསབ་རོགས་དངུལ་དངུལ་སྒོར་དུང་ཕྱུར12.11ཉེ་བ་རེད།སང་ལོར་རྒྱལ་ཡོངས་སུ་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་བསྡོམས་གྲངས་མདུན་གྲས་སུ་གནས་པའི་ཞིང་ཆེན་ལྔ་ནི་ཁག་དབྱེ་སྟེ་ཞིན་ཅང་དང་།   སི་ཁྲོན།   ཡུན་ནན།   ནང་སོག    ཧེ་ལུང་ཅང་ཡིན་ཞིང་།ཁ་གསབ་རོགས་དངུལ་སྤྲོད་ཚད་ནི་ཁག་དབྱེ་སྟེ་མ་དངུལ་སྒོར་ཁྲི13042དང་།   སྒོར་ཁྲི12043   སྒོར་ཁྲི8864   སྒོར་ཁྲི7155    སྒོར་ཁྲི6942བཅས་ཡིན་པ་རེད།སང་ལོར་དམངས་སྤྱོད་མཁའ་འགྲུལ་གྱི་གནམ་གྲྭ་ཐང་ཆུང་ཆུང་ལ་ཁ་གསབ་རོགས་སྤྲོད་པའི་གྲངས་ཀའི་ནང་གཟི་རྩ་སྡེ་དགུ་ལུང་པའི་གསེར་མཚོའི་གནམ་གྲུ་ཐང་ལ་སྤྲད་པའི་གྲངས་ཀ་ནི་སྒོར་ཁྲི1603ཡིན་པས་ཁ་གསབ་བྱེད་ཚད་ཆེས་མཐོ་ཤོས་རེད།སང་ལོར་ཁ་གསབ་རོགས་དངུལ་སྤྲོད་རྒྱུའི་གནམ་གྲུ་ཐང་གི་གྲངས་ཀ་ནི་ད་ལོའི135ནས་སང་ལོའི146གི་ཐོག་སྣོན་རྒྱུ།   ཁ་གསབ་སྤྲོད་རྒྱུའི་དངུལ་གྲངས་དེ་ན་ལོའི་སྒོར་དུང་ཕྱུར10.78ནས་སང་ལོའི་སྒོར་དུང་ཕྱུར12.11གི་ཐོག་སྣོན་རྒྱུ་རེད། 
རྒྱལ་སྤྱིའི་ལས་ལུགས་ལྟར།དཔལ་འབྱོར་དར་རྒྱས་མི་འདང་བའི་ས་ཁུལ་གྱི་ཡུལ་མི་ཚོའི་དགོས་མཁོ་སྐོང་ཆེད།དམངས་སྤྱོད་མཁའ་འགྲུལ་གྱི་གཞི་རྩའི་ཞབས་འདེགས་འཆར་གཞི་ལག་བསྟར་བྱ་རྒྱུར་ངེས་པར་དུ་གནམ་གྲུ་ཐང་ཆུང་ཆུང་དང་།   ཡན་ལག་མཁའ་ལམ།ཀུན་སྤྱོད་ཀྱི་མཁའ་འགྲུལ་བཅས་འཕེལ་རྒྱས་གཏོང་དགོས་པ་དང་སྲིད་གཞུང་གིས་ཀྱང་ཁ་གསབ་བྱ་དགོས་པ་རེད།
  • ལེ་ཚན་སྔོན་མ།:ཐེངས་གསུམ་པའི་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་ཁྱབ་ཞིབ་བཤེར་བྱས།
  • ལེ་ཚན་རྗེས་མ།:ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།
  • དོ་སྣང་ཆེ་བའི་རྩོམ།