ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

        2017-08-11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས8ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་ཆེད་དོན་གསར་འགྱུར་འགྲེམ་བསྒྲགས་ཚོགས་འདུ་འཚོགས་པ་རེད།  འགྲེམ་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ཉིང་ཁྲི་གྲོང་ཁྱེར་ལ་ན་ནིང་དབུལ་གྲོལ་འགག་སྒྲོལ་ལས་ཀར་གྲུབ་འབྲས་ཡག་པོ་ཐོབ་ནས།  ལོ་ཧྲིལ་པོར་དུད་ཚང2500ཡི་མི8990དབུལ་གྲོལ་ཐུབ་པ་དང་།  དབུལ་ཕོངས་ལ་གྱུར་ཚད9.789%བར་ཉུང་དུ་ཕྱིན་ནས་གྲོང་ཚོ160དབུལ་གྲོལ་ཐུབ་པ་རེད།

འགྲེམ་བསྒྲགས་ཚོགས་འདུའི་ཐོག་ཉིང་ཁྲི་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་གཞུང་གི་གྲོང་སྤྱི་གཞོན་པ་ཟླ་བས་ངོ་སྤྲོད་གནང་བར་གཞིགས་ན།  དབུལ་གྲོལ་འགག་སྒྲོལ་བྱས་ཚུན་ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དབུལ་གྲོལ་འགག་སྒྲོལ་གནད་འཕིགས་ཀྱི་ལས་ཀའི་བསམ་ཕྱོགས་བཏོན་ནས།  ཁ་ཅིག་བྱས་པ་ལྔ་དང་རིམ་སྤོར་ལས་གཞི་བཅུའི་ཐད་སྲིད་ཇུས་གནད་འཕིགས་ལག་བསྟར་དང་ཤུགས་སྣོན་གནད་འཕིགས་བརྒྱབ་སྟེ།  སྤྱི་ལོ2018ལོར་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར28000ལྷག་ཙམ་དང་དབུལ་ཕོངས་གྲོང་ཚོ།  དབུལ་ཕོངས་རྫོང་བཅས་ཚང་མ་དབུལ་གྲོལ་ཐུབ་པ་བྱས་ནས་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་ལོ་རེར་ཆ་སྙོམས16%ཡན་འཕར་སྣོན་ཐུབ་པ་དང་།  ཉིང་ཁྲི་གྲོང་ཁྱེར་དེ་ལྗོངས་ཡོངས་ཀྱི་སྔོན་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་རེད།

ཟླ་བ་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་དབུལ་གྲོལ་འགག་སྒྲོལ་ལས་དོན་དེ་ཡུལ་བབ་དང་བསྟུན་ནས་དབུལ་སྐྱོར་གནད་འཕིགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་།  ཡུལ་སྐོར་དཔེ་སྟོན་གྲོང་ཚོ་དང་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།  དབུལ་ཕོངས་མང་ཚོགས་ཡུལ་སྐོར་ལས་རིགས་གོང་འཕེལ་ནང་ཞུགས་རྒྱུར་སྐུལ་ལྕག་དང་འཁྲིད་སྟོན་བྱེད་པ།  དབུལ་ཕོངས་མང་ཚོགས་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་རྒྱུར་རོགས་རམ་བྱེད་པ།  ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པ་བཅས་ཉིང་ཁྲིའི་དབུལ་སྐྱོར་གནད་འཕིགས་རིམ་སྤོར་ཐུབ་པ་བྱས་ཏེ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན་ཞེས་གསུངས་པ་རེད།  །


  • ལེ་ཚན་སྔོན་མ།:དབྱི་ལིས་དཀར་མཛེས་དང་ལིའང་ཧྲན་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:བོད་ཀྱི་མི༢༥ལ་བཟོ་རྩལ་མཛེས་རྩལ་ཆེ་མོ་བའི་མཚན་སྙན་ཐོབ་པ།
  • དོ་སྣང་ཆེ་བའི་རྩོམ།