2017-08-10
ཟླ་བ8པའི་ཚེས2ཉིན་ནས་ཚེས4ཉིན་བར། ཞིང་ཆེན་ཏང་ཨུ་ཧྲུའུ་ཅི་གཞོན་པ་དང་ཞིང་དཔོན་དབྱི་ལི་རང་ཁུལ་གྱི་འདབ་པ་རྫོང་དང་ལི་ཐང་རྫོང་། ལིའང་ཧྲན་ཁུལ་གྱི་ཞི་ཁྲང་གྲོང་ཁྱེར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་ཞིང་ལས་ཡུལ་དངོས་སུ་ཁོར་ཡུག་སྲུང་སྐྱོང་གནད་དོན་ཐད་དག་བཅོས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་མཛད་པ་རེད།
ཁོང་གིས་ནན་གསུང་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པ་དང་ཐུན་མོང་དུ་སྲུང་སྐྱོང་ཆེན་པོ་བྱེད་ཅིང་གསར་སྦོལ་ཆེན་པོ་མི་བྱེད་པ་སོགས་ཀྱི་བསམ་བློ་གལ་ཆེན་གྱིས་སྤྱི་འདོམས་བྱས་ཤིང་། མི་རིགས་ས་ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་སྐྱེ་ཁམས་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལས་ཀ་ཡག་པོ་ཏན་ཏིག་འཛིན་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་བཏང་སྟེ་ཧུར་ཐག་གིས་མི་དང་རང་བྱུང་ཁམས་བར་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་དང་རྒྱུན་སྲིང་འཕེལ་རྒྱས་ཡོང་གང་ཐུབ་བྱས་ཏེ་མཛེས་སྡུག་ལྡན་པའི་དར་རྒྱས་འཆམ་མཐུན་གྱི་སི་ཁྲོན་བསྐྲུན་དགོས།
དབྱི་ལི་སྔ་ཕྱིར་རང་ཁུལ་གྱི་ཉི་སྟེན་མཛེས་ལྗོངས་ས་ཁུལ་དང་ཉི་སྟེན་གྲོང་སྡེ། ཤམ་བྷ་ལ་གྲོང་རྡལ་སོགས་ས་གནས་ལ་ཡུལ་སྐོར་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གནས་ཚུལ་གཟིགས་ཞིབ་གནང་ཚེ། ཡུལ་དེ་གའི་མང་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཞིང་ཕྱུག་ཅིང་འབྱོར་འབྲིང་ཕྱོགས་སུ་སྐྱོད་པར་མཐོང་དུས་ཁོང་གིས་ཡུལ་དེ་གའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་རང་རེའི་ཞིང་ཆེན་གྱི་མི་རིགས་ས་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་ལས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པར་ར་སྤྲོད་གང་ལེགས་བྱས་ཐུབ་ཡོད། ཚང་མས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་མོ་བྱས་ནས་སྔོ་ལྗང་རི་ཀླུང་དེས་རྒྱུན་མཐུན་དུ་དམངས་ཕན་དམངས་ཕྱུག་ཡོང་བ་བྱེད་པ་དང་མི་རིགས་ས་ཁུལ་གྱི་མང་ཚོགས་ལ་འཕེལ་རྒྱས་ཀྱི་ཁྲོད་དུ་ཁེ་ཕན་ཐོབ་པ་བྱས་ནས་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཡོང་བ་བྱ་དགོས།
རྟོག་ཞིབ་གནང་རིང་དབྱི་ལི་ད་དུང་བོད་བརྒྱུད་ནང་བསྟན་ཆོས་ལུགས་དགོན་པ་སོགས་ལ་ཕྱིན་ནས་དགོན་པས་ཁྲིམས་ལྟར་དོ་དམ་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་རྒྱུན་འཛིན་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་བ་རེད། དབྱི་ལིས་རྒྱུན་མཐུད་དུ་དགོན་པར་ཁྲིམས་ལྟར་ཚད་ལྡན་དོ་དམ་ལ་སྐུལ་འདེད་ཇེ་ཟབ་ཏུ་བཏང་སྟེ་ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏང་དགོས། རྒྱ་ཆེ་བའི་གྲྭ་བཙུན་རྣམ་པས་རྒྱལ་གཅེས་ཆོས་གཅེས་དང་ཁྲིམས་དང་སྡོམ་པ་བསྲུངས་ནས་ཐུན་མོང་དུ་འཆམ་མཐུན་བརྟན་བརླིང་གི་འཕེལ་རྒྱས་ཁོར་ཡུག་ལ་འཚོ་སྲུང་བྱས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ས་ཁུལ་གྱི་མཆོང་རྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏང་དགོས་ཞེས་ཐུགས་རེ་གནང་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10