བོད་རང་སྐྱོང་ལྗོངས་ཀྱིས་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས།

    བོད་ལྗོངས་ཉིན་རེའི་ཚགས་པར།    2015-06-04

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རྒྱལ་ཁྲལ་ཅུས་ནས་ཤེས་རྟོགས་བྱས་པར། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་རིགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱེད་པ། “གཉེར་ཁྲལ་འཕར་ཁྲལ་ལ་བསྒྱུར་བའི”ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོར་ལྗོངས་ཡོངས་སུ་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་ཡོང་འབབ་སྒོར་དུང་ཕྱུར་4.82ཟིན་པ་དེ་2013ལོའི་དུས་མཚུངས་ལས་7.9%འཕར་ཡོད། འཁོར་རིགས་414ལ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་འཁོར་རིགས་ཉོ་སྒྲུབ་དཔྱ་ཁྲལ་རྩ་ཆག་གཏོང་བའི་འགྲོ་ལུགས་གཉེར་བ་དང་རྩ་ཆག་བཏང་བའི་ཁྲལ་འབོར་སྒོར་ཁྲི་1778ཟིན་ཡོད་པ་རེད།
ལྗོངས་རྒྱལ་ཁྲལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས“གཉེར་ཁྲལ་འཕར་ཁྲལ་ལ་བསྒྱུར་བའི”ཚོད་ལྟའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་ཁྲལ་འཇལ་མཁན་གྱི་ཁུར་པོ་ཡང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།  ། 
  • ལེ་ཚན་སྔོན་མ།:བོད་ཡིག་གི་བཅའ་ཁྲིམས་ཤེས་བྱའི་དཔེ་ཚོགས་པར་སྐྲུན་འགྲེམ་སྤེལ་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཆུ་ཚོད24རིང་ལ་འཁོར་སྐྱོད་བྱེད་པའི་སྟབས་བདེ་དཔེ་མཛོད་ཁང་ཐོག་མ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།