མཚོ་སྔོན་བོད་སྐད་རླུང་འཕྲིན། 2017-06-09
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། བོད་ལྗོངས་ཀྱི2017ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མས་སློབ་མ་བསྡུ་བའི་རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བྱ་བ་བདེ་བླག་ངང་སྤེལ་འགོ་བརྩམས།
རྒྱུས་ལོན་ལྟར་ན། ད་ལོར་བོད་ལྗོངས་ཀྱིས་མཐོ་སློབ་དཀྱུས་མ་གྲོང་ཁྱེར་དང་ས་གནས7དང་བོད་ལྗོངས་མི་དམངས་སྲིད་གཞུང་གི་ན་གོར་མོར་བཅའ་སྡོད་གཞུང་སྒྲུབ་ཁང་དང་། བོད་ལྗོངས་མི་རིགས་སློབ་ཆེན་དང་ཁྲེང་ཧུའུ་གྲོང་ཁྱེར་དུ་རྒྱུགས་ཁུལ10བཀོད་སྒྲིག་བྱས་ཏེ། རྒྱུགས་ལེན་ས་ཚིགས26དང་། རྒྱུགས་ར800བཀོད་སྒྲིག་བྱས་ཡོད། སློབ་མ28517མཐོ་རྒྱུགས་དཀྱུས་མ་དང་ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭའི་རྒྱུགས་ལེན་བྱ་བར་མིང་ཐོ་བཀོད་ཡོད། དེ་མིན། རྒྱལ་ཡོངས་ཀྱི་གཅིག་གྱུར་རྒྱུགས་ལེན་བྱ་བ་མཇུག་རྫོགས་རྗེས། བོད་ལྗོངས་ཀྱིས་ཟླ6པའི་ཚེས9ཉིན་བོད་ཡིག་ཆེད་ལས་རྒྱུགས་ལེན་རྒྱུ་ཡིན་ཏེ། བསྡོམས་པས་སློབ་མ19851རྒྱུགས་ལ་ཞུགས་རྒྱུ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10