དམར་དམག་རྒན་པོ་ཞིག་གི་ཁ་ཆེམས།

ཡེ་ཤེས་ཕན་བདེ།        2017-05-22

དམར་དམག་རྒན་པོ་ཞིག་གི་ཁ་ཆེམས།

   སྤྱི་ཟླ5པའི་ཚེས8ཉིན། ལིའོ་ཉིང་ནང་ཡོང་པའི་དམར་དམག་གི་རྗེས་རབས་པ་བཞིས་ཨ་ཕའི་རུས་ཐལ་ཁུར་ནས་དཀར་མཛེས་རྫོང་དུ་བསླེབས་པ་རེད། ཁོང་རྣམ་པས་དམར་དམག་རྒན་པོ་ཞིག་གི་ཁ་ཆེམས་དང་བསྟུན་ནས་ཚེ་ལས་འདས་པའི་དམར་དམག་རྒན་པའི་རུས་ཐལ་དེ་དམར་དམག་རྒྱང་སྐྱོད་ཀྱི་ལམ་དུ་བཀྲམ་ས་ཡོང་བས་དཀར་མཛེས་རྫོང་ནི་དམར་དམག་སྔོན་ཆད་རྒྱང་སྐྱོད་བྱེད་གནས་ཤིག་ཡིན་པའི་ཆ་ནས་ཁོང་རྣམ་པ་དེར་ཆེད་དུ་ཡོང་བ་རེད།

དམར་དམག་རྒན་པོའི་མཚན་ལ་ཙའོ་ཝེ་ཧྭ་ཟེར། ཕྱིས་སུ་ལི་ཁེ་ཞེས་འབོད། 1916ལོར་ཅང་ཤི་ཞིང་ཆེན་ཡུང་ཞིན་རྫོང་གི་དབུལ་པོའི་ཁྱིམ་ཚང་ཞིག་གི་ནང་དུ་སྐྱེས། 1930ལོ་ལ་རླབས་ཆེན་གྱི་གསར་བརྗེའི་བྱ་གཞག་ནང་དུ་ཞུགས།  དེ་རྗེས་དགྲ་བོ་དང་འཐབ་འཛིང་བྱེད་མྱོང་ལ་གངས་རི་དང་རྩྭ་ཐང་བརྒལ་ནས་དཀའ་སྤྱད་ཀྱི་ལོ་རྒྱུས་ཏེ་དམར་དམག་རྒྱང་སྐྱོད་ཡང་འགྲོ་མྱོང་། ཀྲུང་ཧྭ་མི་རིགས་ཀྱི་རང་ཚུགས་དང་བཅིངས་འགྲོལ་འཐོབ་པའི་ཆེད་དུ་རྒན་པས་ཚེ་གཅིག་ལུས་གཅིག་གིས་འབད་བརྩོན་བྱས་ཡོད། 2015ལོ་ལ་སྐུ་ཚེ་འདས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར།  དཀར་མཛེས་རྫོང་གིས་སློབ་མ་དང་ལས་བྱེད་མི་སྣ་སོགས་མི་གྲངས100ལྷག་ཙམ་རྩ་འཛུགས་བྱས་ནས་དམར་དམག་རྒན་པོའི་རུལ་ཐལ་དུར་འཇུག་བྱེད་སྒོ་ནང་ཞུགས་ཏེ། དམར་དམག་རྒན་པོ་དང་འདྲ་བའི་མེས་རྒྱལ་རང་ཚུགས་དང་རླབས་ཆེན་གསར་བརྗེའི་བྱ་གཞག་གི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པའི་རྒྱལ་གཅེས་དང་སྲོལ་བཟང་། སྒེར་སེམས་མེད་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སོགས་སློབ་སྦྱོང་བྱས་པ་རེད། 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གྲལ་སྒོར་དབུ་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་བསམ་བློའི་རིག་གནས་དྲིལ་བསྒྲགས་ལས་ཀའི་སྐུལ་འདེད་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།