མཚོ་སྔོན་ཉིན་རེའི་ཚགས་པར། 2017-05-12
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། བོད་ལྗོངས་ཀྱིས་དུས་ཡུན་ཉིན་གསུམ་གྱི་ཚན་རྩལ་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ་དང་བོད་ལྗོངས་ཀྱི་སློབ་གྲྭ་ཁག་ནས་ཡོང་བའི་དགེ་རྒན50ཙམ་སྦྱོང་བརྡར་ནང་ཞུགས་པ་རེད། བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཅུན་ཇེས། ད་རེས་ཀྱི་སྦྱོང་བརྡར་ནང་བོད་ལྗོངས་ཀྱི་སློབ་གྲྭ་མང་པོའི་དགེ་རྒན་ཞུགས་སུ་བཅུག་པའི་དམིགས་ཡུལ་ནི་ས་ཆ་དེ་གའི་ཤེས་ལྡན་པ་གསོ་སྐྱོང་བྱས་པ་བརྒྱུད་ཚན་རྩལ་དགེ་རྒན་ཁ་ཅིག་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱས་ནས་ཚན་རྩལ་སློབ་གསོ་རྒྱུན་སྲིང་གོང་འཕེལ་ཡོང་བ་བྱེད་རྒྱུ་དེ་རེད་ཅེས་གསུངས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་ཚན་རྩལ་གཤམ་སྤེལ་དང་ཚན་རྩལ་བྱེད་སྒོའི་གཟའ་འཁོར་སོགས་ཚུད་པའི་མུ་འབྲེལ་སྤུས་རྟགས་ཀྱི་ཚན་རྩལ་ཁྱབ་གདལ་བྱེད་སྒོ་རྒྱུན་ལྟར་སྤེལ་བ་དང༌། སློབ་གྲྭ་དང་ཚན་རྩལ་ཞིབ་འཇུག་ཟོའོ་ཡི་ཚན་རྩལ་ཞིབ་འཇུག་རྟེན་གཞི་དང་ཚོད་ལྟ་ཁང་ཁ་ཅིག་ཀྱང་དུས་བཀག་ལྟར་གཞོན་ནུ་ལོ་ཆུང་དང་ཞིང་འབྲོག་མང་ཚོགས་ལ་སྒོ་དབྱེ་བྱེད་ཀྱི་ཡོད། བོད་ལྗོངས་སློབ་ཆེན་གྱི་ཡངས་པ་ཅན་འཇིག་རྟེན་འཕྲོ་འོད་ལྟ་ཞིབ་ཚད་ལེན་ས་ཚུགས་ཀྱི་ཕྱི་རོལ་ཚོད་ལྟ་ཁང་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྱི་སློབ་གྲྭ་འབྲིང་ཆུང་གི་ཕྱི་རོལ་ཚན་རྩལ་སློབ་ཁང་ཞིག་ཏུ་གྱུར་བ་དང༌། ཉིང་ཁྲི་སློབ་འབྲིང་དང་པོས་སྐྱེ་དངོས་ཚན་རྩལ་མ་དཔེ་ཁང་དང་བཤམས་སྟོན་ཁང་བཙུགས་པར་ཉེ་འཁོར་གྱི་ཞིང་འབྲོག་མང་ཚོགས་རྟག་ཏུ་ལྟ་སྐོར་ལ་ཡོང་གི་ཡོད་པ་རེད།
ཀྲུང་གོའི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་བརྟག་དཔྱད་ཐེངས་དགུ་པའི་ཐོག་ནས་མངོན་པར་གཞིགས་ན། ལོ་ལྔ་ཚན་བཅུ་གཉིས་པའི་རིང་བོད་ལྗོངས་ཀྱི་ཚན་རྩལ་ཁྱབ་གདལ་ལས་ཀའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས། སྤྱི་ལོ2015ལོར་བོད་ལྗོངས་ཀྱི་སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་དེ་སྤྱི་ལོ2010ལོ་ལས་ལྡབ20འཕར་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10