ལྷ་སའི་ལྷོ་རིར་ཤིང་འཛུགས་ནགས་བཟོ་བྱེད་རྒྱུའི་ད་ལོའི་ལས་གཞི་ཚང་མ་ལེགས་འགྲུབ་བྱུང་བ།

བོད་ལྗོངས་འཕྲིན་དྲ།    མཚོ་སྔོན་ཉིན་རེའི་ཚགས་པར།    2017-05-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་གསར་འགོད་པས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་བར་ལྷ་སའི་ལྷོ་རིར་ལྗོན་ཤིང་རྐང་སུམ་ཁྲི་བརྒྱད་སྟོང་ལྷག་ཙམ་བཙུགས་ནས་ལྷོ་རིར་ཤིང་འཛུགས་ནགས་བཟོ་བྱེད་རྒྱུའི་ད་ལོའི་ལས་གཞི་ཚང་མ་ལེགས་གྲུབ་ཟིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན།  ལྷ་སའི་ལྷོ་རིར་ཤིང་འཛུགས་ནགས་བཟོ་བྱེད་རྒྱུའི་ད་ལོའི་ལས་དོན་ལེགས་སྒྲུབ་ཟིན་ནས།  ད་ཆ་དུས་རིམ་རྗེས་མའི་བདག་སྐྱོང་དུས་མཚམས་སུ་སླེབས་པ་དང༌།  ལས་གཞི་དེས་ལྗོངས་ཡོངས་སུ་ས་བབ་སྤྱི་ཁྲི ༥༠༠༠ ཡན་ལ་གཞི་ཁྱོན་ཅན་གྱི་ནགས་ཚལ་མེད་པའི་ལོ་རྒྱུས་དེ་མི་ཐབས་ལ་རྟེན་ནས་ཡོངས་སུ་མཇུག་སྒྲིལ་ཏུ་བཅུག་ཡོད།  ལྷ་སའི་ལྷོ་རིའི་ཤིང་འཛུགས་ནགས་བཟོ་ལས་གཞི་ལག་བསྟར་བྱས་པ་དེས་ཚད་གཞི་མཐོ་ཤོས་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱུང་བ་མ་ཟད།  ད་དུང་གནོད་ཡོད་མཁའ་རླུང་གཙང་སེལ་གྱི་ནུས་པ་ཡང་ཐོན་ཡོད།   །


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་ཚན་རྩལ་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ།
  • ལེ་ཚན་རྗེས་མ།:རང་ཞིང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་ཐག་གཅོད་བྱེད་པའི་སྒྲིག་ཆས་འཛུགས་སྐྲུན་བྱ་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།