མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་སྐད་ཡིག་གི་བཅའ་ཁྲིམས་འཇོན་མི་གསོ་སྐྱོང་བྱ་རྒྱུ་ཡིན་པ།

    མཚོ་སྔོན་ཉིན་རེའི་ཚགས་པར།    2017-05-12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ5པའི་ཚེས10ཉིན་གྱི་སྔ་དྲོར། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་སྐད་ཡིག་གི་བཅའ་ཁྲིམས་འཇོན་མི་གསོ་སྐྱོང་བྱེད་པའི་གྲོས་མཐུན་ཡི་གེ་སྟེང་མི་རྟགས་བཀོད་པ་མ་ཟད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཞིབ་དཔྱོད་དཔོན་ཡན་པའོ་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་ལིའུ་ཐུང་ཏི་གཉིས་ཀྱིས"མི་རིགས་སྐད་ཡིག་གི་བཅའ་ཁྲིམས་འཇོན་མི་གསོ་སྐྱོང་དང་སྐྱེད་སྲིང་རྟེན་གཞི"ཡི་སྒོ་བྱང་བཀེལ།

མཉམ་ལས་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་དེས་སློབ་གྲྭ་དང་ཞིང་ཆེན་ཞིབ་དཔྱོད་ཁང་གཉིས་ཀྱིས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བཅའ་ཁྲིམས་འཇོན་མི་སྐྱེད་སྲིང་བྱེད་པ་དང་།  ཆེད་ལས་ཅན་དང་ཕུལ་བྱུང་ཅན་གྱི་ཆེད་ལས་ལག་རྩལ་འཇོན་མི་སྐྱེད་སྲིང་བྱེད་པའི་མཉམ་ལས་ཀྱི་ལམ་ཁ་ཞིག་ཕྱེས་པ་རེད།

ཉེ་བའི་ལོ་ཤས་ནང་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་འཇོན་མི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིབ་དཔྱོད་ལས་དོན་རྒྱང་རིང་བོར་འཕེལ་རྒྱས་སུ་གཏོང་བའི་ལས་འགན་གཙོ་བོ་ཞིག་ཏུ་བཟུང་ནས་རིམ་བཞིན་ཞིབ་དཔྱོད་མི་སྣ་ཆེད་ལས་ཅན་དུ་གཏོང་བར་ཤུགས་སྣོན་རྒྱག་བཞིན་ཡོད་ལ།  ཐེངས་འདིར་ཞིང་ཆེན་ཞིབ་དཔྱོད་ཁང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་གཉིས་ཀྱིས་མཉམ་འབྲེལ་སྒོས"མི་རིགས་སྐད་ཡིག་གི་བཅའ་ཁྲིམས་འཇོན་མི་གསོ་སྐྱོང་དང་སྐྱེད་སྲིང་རྟེན་གཞི"བཙུགས་པ་དེས། ཞིབ་དཔྱོད་མི་སྣའི་མི་རིགས་སྐད་ཡིག་གི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དང་མང་ཚོགས་ཀྱི་བྱ་བའི་ཐད་ནུས་ཤུགས་གང་ཡོད་འདོན་པར་ཐབས་ལམ་གསར་བ་བཏོད་ཡོད་པས།  མ་འོངས་བར་བདེ་འཇགས་ཀྱི་མཚོ་སྔོན་དང་ཁྲིམས་སྐྱོང་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ནུས་པ་གང་ལེགས་འདོན་ཐུབ་ངེས་རེད།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཞིབ་དཔྱོད་སྡེ་ཁག་ནས"མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་སྐད་ཡིག་གི་བཅའ་ཁྲིམས་ཆེད་ལས་ཀྱི་འཇོན་མི་སྐྱེད་སྲིང་དང་དཔེ་ཁྲིད་ལག་ལེན་དངོས་སྦྱོང་རྟེན་གཞི"བཙུགས།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར1170བཏང་།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ཚན་རྩལ་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་གཉེར་བ།
  • དོ་སྣང་ཆེ་བའི་རྩོམ།