ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག་སྤྱོད་མཁན་མི་ཁྲི7500ལ་ཟིན།

        2017-04-01

ཡོངས་འཛིན་བོད་ཡིག་གི་འཚོལ་བཤེར་མ་ལག་སྤྱོད་མཁན་མི་ཁྲི7500ལ་ཟིན།ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཉེ་ཆར། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་འགན་ཁུར་བས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ2016ལོའི་ཟླ8པར་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ནས་བཟུང་།  མིག་སྔར་སྤྱོད་ཚད་མིའི་ཐེངས་ཁྲི7500ལ་ཟིན་ཡོད་པ་དང་ཉིན་རེར་ཆ་སྙོམས་འདྲི་རྩད་བྱེད་མཁན་མིའི་ཐེངས་གྲངས་ཁྲི60ལ་ཟིན་ཡོད་ཅེས་བཤད་པ་རེད།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ2013ལོའི་ཟླ4པར་སྐྲུན་འགོ་ཚུགས་ནས་མིག་སྔར་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་དྲ་ཚུགས་ཀྱི་གཅིག་གྱུར་ཞུགས་སྒོ་ཞིག་ཏུ་གྱུར་ཡོད་པ་དང་།  དེའི་ནང་གསར་འགྱུར་དང་། དྲ་ངོས། བརྙན་ལམ། རོལ་དབྱངས། པར་རིས་སོགས་འཚོལ་བཤེར་དང་།  བོད་ཡིག་གི་ཤེས་བྱ་ཀུན་བཏུས།  བོད་ཡི་གི་རིག་མཛོད།  བོད་ཡིག་གི་དྲིས་ལན་སོགས་རིགས་བརྒྱད་ལ་ཕྱེ་ཡོད་པ་དང་། གཉེར་སྐྱོང་ཚོགས་པའི་ནང་བོད་རིགས་ཀྱིས་བསྡུར་གྲངས་བཟུང་ཚད་བརྒྱ་ཆ89ལ་ཟིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ཡོངས་འཛིན་འཚོལ་བཤེར་མ་ལག་སྤྱོད་མཁན་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་བོད་ཡིག་དྲྭ་དམངས་ཡོད་པར་ཕུད། ད་དུང་རྒྱ་གར་དང་། ཨ་རི། ཧྥན་རན་སེ། རི་པིན། ནེ་པ་ལ། སུའེ་ཙེར་སོགས་རྒྱལ་ཁབ་དང་ས་ཁུལ44རུ་ཁྱབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:2016ལོར་རང་རྒྱལ་གྱི་གྲོང་གསེབ་དྲྭ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར9000ལ་ཟིན།
  • ལེ་ཚན་རྗེས་མ།:སི་ཁྲོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་བུད་མེད་དང་བླངས་པ་སྤྱི་ཚོགས་ཕན་བདེ་ཁང་དུ་ཕྱིན་ནས་གཅེས་སེམས་ཕུལ།
  • དོ་སྣང་ཆེ་བའི་རྩོམ།